ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2025-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་ཚོགས་འདུ་ཟི་ལིང་དུ་བརྙན་ལམ་རྣམ་པས་འཚོགས། ཚོགས་ཐོག་ནས་ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཁྲིམས་འཛིན་ཐིང་གི་ཁྲིམས་འཛིན་དཔོན་ཚོགས་འདུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་ཁྲིམས་འཛིན་སྲིད་འཛིན་ལས་དོན་ཐད་ཀྱི་བླང་བྱ་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། ལས་དོན་སྤྱི་སྡོམ་དང་གནས་བབ་དབྱེ་ཞིབ་བྱས་ཏེ། ད་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།

ཚོགས་ཐོག་ནས། 2024ལོར། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་རྒྱུད་ཁོངས་ལ་རྐང་བཙུགས་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཆེ་ཕྱོགས་ལ་ཞུབས་ཞུ་སྒྲུབ་པར་འགན་སྲུང་བྱེད་པ་དང་། རྒྱུད་ཁོངས་འཛིན་པ་གཅིག་དང་འགན་ནུས་ཆེན་མོ་ལྔ་བློ་སེམས་དཀར་པོས་འགན་སྒྲུབ་བྱེད་པ། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྱོང་ལ་གཡས་སྐྱོར་གཡོན་འདེགས་བྱེད་པའི་ཁྲོད་སྔར་ལས་བརྟན་པའི་གོམ་སྟབས་སྤོས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་ཁྲིམས་འཛིན་སྲིད་འཛིན་ལས་དོན་ལ་ཕན་འབྲས་གསར་པ་ལེན་དགོས་ཞེས་བསྟན།

ཚོགས་ཐོག་ནས། ཏང་གིས་ཕྱོགས་ཡོངས་མགོ་ཁྲིད་པའི་རྩ་བའི་རྩ་དོན་འདི་རྒྱུན་འཁྱོངས་དང་ཤུགས་སྣོན་པར་དམ་དུ་སྦྲེལ་ནས། ཏང་དོ་དམ་ནན་མོ་དང་ཉེན་རྟོག་པ་བཅོས་སྐྱོང་ནན་མོ་བྱེད་པའི་གཞི་གདངས་སྔར་ལས་ལྷག་པར་འབུར་དུ་དོད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཐོག་མ་འདིར་དམ་དུ་སྦྲེལ་བ་དང་། ཁྲིམས་འཛུགས་ཁྱབ་ཁོངས་བཅོས་སྒྱུར་ཟབ་མོར་སྤེལ་བ། ཁྲིམས་ལྟར་སྲིད་འཛིན་སྐུལ་འདེད་ཟབ་མོ་བཏང་སྟེ། བཅོས་སྒྱུར་གསར་གཏོད་ཀྱི་བརྗོད་གཞི་སྔར་ལས་ལྷག་པར་འཛིན་དགོས་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་འདིར་དམ་དུ་སྦྲེལ་བ་དང་། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འགན་འཁྲི་དང་རྨང་གཞི་མུ་མཐུད་དུ་ཇེ་དྲག་ཏུ་བཏང་སྟེ། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ལས་ཀ་གཙོ་བོ་སྔར་ལས་ལྷག་པར་ལེགས་པར་འཛིན་དགོས་པ། བདེ་འཇགས་བརྟན་བརླིང་གི་གཞི་རྩའི་མཐའ་ཐིག་འདིར་དམ་དུ་སྦྲེལ་བ་དང་། འགལ་བ་རྩོད་གཞི་ངོ་བོའི་ཐོག་ནས་ཐག་གཅོད་པར་སྐུལ་འདེད་བཏང་སྟེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་འགན་གཙོ་བོ་སྔར་ལས་ལྷག་པར་ཕྲག་ཏུ་ལེན་དགོས་པ། མི་དམངས་ལྟེ་བ་ཡིན་པའི་རྩ་བའི་ལངས་ཕྱོགས་འདིར་དམ་དུ་སྦྲེལ་བ་དང་། ཁྲིམས་ལུགས་ཞབས་ཞུ་ལེགས་སྒྱུར་བྱེད་པ། སྤྱི་སྙོམ་དྲང་བདེན་ལ་སྲུང་སྐྱོང་བྱས་ཏེ། དམངས་ལ་ཞབས་འདེགས་ཞུ་བའི་གཙོ་སྐུད་སྔར་ལས་ལྷག་པར་ལེགས་པར་འཛིན་དགོས་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་དུས་རབས་ཀྱི་བརྗོད་གཞི་འདིར་དམ་དུ་སྦྲེལ་བ་དང་། ནང་སྐྱེད་སྒུལ་ཤུགས་སློང་བ། དངོས་གཉེར་སྔོན་བརྩོན་གྱི་མི་སྣ་གཙོ་བོ་སྔར་ལས་ལྷག་པར་ལེགས་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་འབད་པ་ཆེན་པོས་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གྱིས་བསྟན། །

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།