ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་ཀྱི་བྱེད་ནུས་ཆེ་ཤོས་མངོན་འགྱུར་བྱེད་པར་འབད་བརྩོན་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2025-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

“མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་ཕུན་སུམ་ཚོགས་ཤིང་སྣ་མང་ཡིན་ལ་ཧ་ཅང་ཉམས་ཞན་ཡིན་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་བྱེད་ནུས་ཆེ་ཤོས་ཡོང་བ་བྱ་རྒྱུ་ནི་ས་ཁོངས་དེའི་ལས་འགན་གཙོ་བོ་ཡིན”ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྟེང་། མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྐྱེ་ཁམས་བྱེད་ནུས་ཆེ་ཤོས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ་རེད། བཀོད་སྒྲིག་འདིས་ང་ཚོར་ངེས་པར་དུ་ཆབ་སྲིད་ཀྱི་འགན་འཁྲི་དམ་འཛིན་དང་། མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་ཀྱི་གལ་ཆེན་རང་བཞིན་དང་། སྐྱེ་ཁམས་མ་ལག་གི་ཚོར་སྐྱེན་ཉམས་ཞན་རང་བཞིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་བཅས་ལ་གཅིག་གྱུར་གྱིས་བསམ་གཞིགས་བྱས་ཏེ། སྐྱེ་ཁམས་བྱེད་ནུས་ཆེ་ཤོས་ཀྱི་རྩ་བ་སྲ་བརྟན་དུ་གཏོང་བ་དང་། ཡུན་རིང་ལ་ཕན་པ། རྒྱལ་ཡོངས་ལ་ཕན་པ་ཐོབ་པ་བཅས་མངོན་འགྱུར་བྱས་ཏེ།“ཀྲུང་ཧྭའི་ཆུ་ལྕོགས”མཐའ་གཅིག་ཏུ་སྲུང་སྐྱོབ་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཆེས་རྩ་ཆེའི་ཁྱིམ་ཚང་གི་རྒྱུ་ནོར་སྲུང་སྐྱོབ་ལེགས་པོ་བྱ་དགོས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་དང་ལྗང་མདོག་ཆེ་རུ་གཏོང་བར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་བསྒྱུར་རྒྱུར་ཤུགས་བརྒྱབ་སྟེ་སྐྱེ་ཁམས་དཔལ་ཡོན་སྐྲུན་པའི་མཐོ་ས་སྟེང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་སྐྱེ་ཁམས་དཔལ་ཡོན་གྱི་ལམ་དེ་མཐོ་སྒང་འཛིན་མའི་སྟེང་སྔར་བས་ཡངས་ཤིང་རྒྱ་ཆེ་རུ་གཏོང་དགོས། 

སྐྱེ་ཁམས་ཀྱི་བྱེད་ནུས་ཆེ་ཤོས་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་གྱི་ཆེ་ཕྱོགས”བློ་ལ་བརྟན་པོར་ངེས་དང་། ལས་འགན་དང་ལས་འགན་ལྕི་པོ་དཔའ་ངར་གྱིས་ཁུར་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཞག་པའི་ཚན་རིག་དང་མཐུན་པའི་གནས་ཐིག་གཏན་འཁེལ་དང་། ཆབ་སྲིད་ཀྱི་མངགས་བཅོས། འཕེལ་རྒྱས་ཀྱི་རེ་བ་ཆེ་བ། འབད་བརྩོན་གྱི་སྐུལ་ལྕག་བཅས་གསོན་ཉམས་ཆེ་ཤོས་དང་ཡུན་རིང་གི་ལག་ལེན་དུ་བསྒྱུར་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྒྲུབ་དངོས་བརྟན་པོ་འཛུགས་དགོས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་གྱི་གནས་ཚུལ“ཆེས་ཆེ་བ་གསུམ”གྱི་གནས་ཐིག་གཏན་འཁེལ་དང“དེ་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་དམ་པོར་ཁོང་དུ་ཆུད་པར་བྱེད་པ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་དང་ཞབས་འདེགས་ཞུ་རྒྱུར་དམ་པོར་དམིགས་པ་དང་།སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱ་རྒྱུ་ཐེག་གཟུགས་སུ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཐོན་ལས“གནས་བཞི”མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཡང་དག་དང་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། “རི་གཉིས”བསྒྱུར་བའི་བགྲོད་ལམ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ནང་རྐྱེན་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་སྐྱེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་གཅིག་གྱུར་ཡོང་བ་བྱས་ཏེ། “ཀྲུང་ཧྭའི་ཆུ་མཛོད”ཉིན་རེ་བཞིན་སྲ་བརྟན་དང་ཕུན་སུམ་ཚོགས་པར་ཁག་ཐེག་བྱ་དགོས། སྐྱེ་ཁམས་ཀྱི་བྱེད་ནུས་ཆེ་ཤོས་མངོན་འགྱུར་བྱ་རྒྱུར་དམིགས་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱས་ཏེ་སྐྱེ་ཁམས་སྔོན་ལ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་གཏོང་བའི་ཐད་འབད་པ་ཆེན་པོས་ཡར་རྒྱས་སྔར་ལས་ཆེ་བ་ཡོང་བ་བྱས་ཏེ། ཆུ་དྭངས་རི་སྔོ་དེ་མཚོ་སྔོན་གྱི་ལེགས་ཆ་ཆེ་ཤོས་དང་སྤོབས་པ་ཆེ་ཤོས་སུ་དངོས་སུ་འགྱུར་བ་དང་། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྨང་གཞི་སྔར་ལས་ལྗང་མདོག་དང་། སྤུས་ཚད་སྔར་བས་མཐོ་བ། སྤུས་ཀ་སྔར་བས་འདང་ངེས་བཅས་ཡོང་བ་བྱ་དགོས། 

སྐྱེ་ཁམས་ཀྱི་བྱེད་ནུས་ཆེ་ཤོས་མངོན་འགྱུར་བྱེད་པར། ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་འགུལ་སྐྱོད་རྩ་གནད་སྒྲིག་བཟོ་བྱས་ཏེ་གཙང་པོ་གསུམ་གྱི་འབྱུང་ཁུངས་ཀྱི“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་རྒྱབ་སྐྱོར་མ་ལག་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཔེ་མཚོན་གཏོད་དགོས། ས་ཁོངས་དབྱེ་བ་དང་ཁྱད་པར་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལ་གནད་འཁེལ་དོ་དམ་ཚོད་འཛིན་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་དུས་དང་བར་སྟོང་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་དང་སྦྲེལ་ཐག་ཡོངས་ཀྱི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱུན་ལྡན་ཅན་གྱི་ལྟ་སྐུལ་དོ་དམ་དང་འགན་འཁྲི་བདའ་འདེད་ནང་རྐྱེན་བེད་སྤྱོད་གཏིང་ཟབ་བྱེད་པ།ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་གི་རྣམ་པ་ཆེན་པོ་འཛུགས་དགོས། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་། བྱེ་མ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁོངས་སྔོ་འགྱུར་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ལས་གཞི་གལ་ཆེན་ལག་བསྟར་བྱེད་པ། གནམ་གཤིས་འགྱུར་ལྡོག་དང་འཚམ་པའི་མཚོ་སྔོན་གྱི་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་གནམ་སྔོན་པོ་དང་། ཆུ་དྭངས་པ། ས་གཙང་བཅས་སྲུང་སྐྱོབ་དམག་འཐབ་མུ་མཐུད་གཏིང་ཟབ་སྤེལ་ནས། ངེས་པར་དུ་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་རྩེེར་སོན་སླེབས་ནས་ཐཱན་སྙོམ་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། ནུས་ཆེའི་སྒོ་ནས་ཐཱན་མེད་གླིང་ཁུལ་འཛུགས་སྐྲུན་དང་། ནུས་ཁུངས་ཟད་གྲོན་གཉིས་ཚོད་འཛིན་གྱི་མཇུག་སྒྲིལ་དམག་འཐབ་ལེགས་པོ་བྱས་ཏེ། ལྗང་མདོག་འཛུགས་སྐྲུན་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུའི་རླངས་འཁོར་གློག་སྒུལ་ཅན་གྱི་ཚབ་བྱེད་ལ་སྐུལ་འདེད་གཏོང་བ། ཐཱན་མེད་སྡེ་ཁུལ་དང་ཐཱན་མེད་གྲོང་གསེབ་ཁག་ཅིག་བསྐྲུན་པ། སྐྱེ་ཁམས་མ་ལག་གི་ཐཱན་བསྡུ་ལེན་བྱེད་ནུས་སྲ་བརྟན་དང་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ། དམངས་ཡོངས་ཀྱི་ལྗང་མདོག་དང་ཐཱན་ཉུང་འགུལ་སྐྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་བཅས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་དང་ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་གཏོང་བར་མཚོ་སྔོན་གྱི་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས།  ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།