མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་འཐུས་མིའམ་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཏུང་ཞ་གྲོང་བརྡལ་ཐེན་ཅ་ཀུའུ་སྡེ་བའི་ཏང་ཀྲུ་པུའུ་ཧྲུའུ་ཅི་ཝེ་ཀྲན་ལའེ།
དམངས་ཆེན་འཐུས་མི་ཞིག་གམ་སྡེ་བའི་ཏང་ཀྲུ་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས། བདག་གིས་དམངས་འཚོ་དང་འབྲེལ་བའི་དམངས་ཕན་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པ་མ་ཟད་ལག་བསྟར་བྱས་པ་དང་། རྒན་གསོ་མ་དངུལ་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། ནད་ཆེན་པོར་སྨན་བཅོས་རོགས་སྐྱོར་ཡོད་པ། སློབ་གསོ་ཐད་དོན་དངོས་གཟིགས་སྐྱོང་ཡོད་པ། རོང་འབྲོག་མང་ཚོགས་རྣམས་ཀྱི་སེམས་ལ་བདེ་སྐྱིད་ཀྱིས་ཁེངས་ཡོད། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་མཇུག་བསྒྲིལ་རྗེས། བདག་གིས་དམངས་ཆེན་འཐུས་མིའི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། མུ་མཐུད་དུ་མང་ཚོགས་ཁྲོད་ཟབ་ཞུགས་བྱེད་པ། སྡེ་མིའི་རེ་འདུན་ལ་ཉན་པ། ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱེད་པ། རང་ཉིད་ཀྱི་ནུས་པར་བརྟེན་ནས་སྔར་ལས་མང་བའི་དམངས་ཕན་དོན་དངོས་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར། །