ཀྲུང་གོ་བོད་ཀྱི་དྲ་བ།

དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ཇེ་ཆེར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2025-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིང་ཆེན་དམངས་ཆེན་གྱི་འཐུས་མིའམ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཧྲུའུ་རེའུ་དངུལ་ཆས་དང་ཟངས་ཆས་ཞིབ་འཇུག་གསར་སྤེལ་ཚད་ཡོད་ཀུང་ཟིའི་ལག་རྩལ་བཟོ་ལས་པ་ཧི་མན།

སྲོལ་རྒྱུན་ལག་རྩལ་བཟོ་ལས་རྒྱུན་འཛིན་ལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱས་པ་ནས་ལས་ཞུགས་རོགས་སྐྱོར་གྱིས་ལག་རྩལ་པར་ཡོང་སྒོ་ཇེ་མང་དུ་གཏོང་རོགས་བྱས་པ་ནི། དམངས་འཚོ་རྒྱུན་ཆད་མེད་པར་ཇེ་བཟང་ཇེ་ལེགས་སུ་འགྲོ་བའི་བྱེ་བྲག་གི་མངོན་ཚུལ་ཞིག་ཡིན་ལ། གཞི་རིམ་གྱི་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས། བདག་གིས་རང་ཉིད་ཀྱི་དགེ་མཚན་དང་ཟུང་འབྲེལ་གང་ལེགས་བྱེད་པ་དང་། དམངས་ཁྲོད་ཀྱི་ལག་རྩལ་པ་དང་འབྲེལ་ཡོད་མི་ཚོགས་ཀྱི་ལས་ཞུགས་ཐད་ཀྱི་དཀའ་ཁག་ལ་བརྟག་ཞིབ་གཏིང་ཟབ་བྱས་ཏེ། ཁ་གཏད་རང་བཞིན་གྱི་དབུལ་སྐྱོར་སྲིད་ཇུས་འདོན་པའི་ཐད་ལ་འཐབ་འདོན་ཇུས་འབུལ་བྱེད་པ་དང་། ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་དེ་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ཇེ་ཆེར་གཏོང་ཆེད་ལ་ཤུགས་སྣོན་དགོས་ཟེར།། 

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།