ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཞའོ་ཁང་རྒན་གསོའི་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཅིན།
སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་དམངས་འཚོ་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས། རྒན་གསོའི་ཐད་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་བཏོན། སྲིད་ཇུས་ཀྱི་གོ་སྐབས་ཇི་ལྟར་དམ་འཛིན་བྱས་ནས། རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་རོགས་རམ་བདེ་སྐྱིད་ཁང་དང་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་དང་ནོར་སྲིད་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫོང་དང་ཤང་། གྲོང་ཚོ་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། རྒན་པའི་དགོས་མཁོ་སྣ་མང་ཅན་དང་རིམ་པ་མང་བའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྐོང་བ། རྒན་གསོའི་ཞབས་ཞུའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། རྒན་རྒོན་ལ་སྔར་ལས་རང་གཤིས་ཅན་དང་གནད་ལ་འཁེལ་བའི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱ་དགོས། །