ཀྲུང་གོ་བོད་ཀྱི་དྲ་བ།

སྨན་བཅོས་ཐོན་ཁུངས་དང་ཞབས་ཞུས་མི་སྔར་ལས་མང་བར་ཕན་ཐོགས་པར་བྱེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2025-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིང་ཆེན་དམངས་ཆེན་འཐུས་མིའམ་མཚོ་ནུབ་སོག་རིག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་སྤུས་ཚད་ཚོད་འཛིན་ཁའོ་ཡི་ཁའོ་ཀྲང་། སྨན་པ་འབུམ་རམས་པ་ལི་ཧྥང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཁྲོད་སྨན་གསུམ་མཉམ་འཕེལ་གསལ་བོར་བཏོན་ཡོད། 2025ནི་ཁྱོན་ཡོངས་ནས་གོམ་གང་མདུན་སྤོས་ཀྱིས་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལ། ང་ཚོས་གོམ་གང་མདུན་སྤོས་ཀྱིས་སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་བཅོས་བསྒྱུར་དང་དམངས་ཀྱི་བདེ་ཐང་སྲུང་བའི་འགན་འཁྲིའི་འདུ་ཤེས་ཤུགས་དྲག་བཏང་སྟེ། སྤུས་ལེགས་པའི་སྨན་བཅོས་ཐོན་ཁུངས་ཁྱབ་ཆེར་དང་དམའ་རིམ་ལ་འབབ་པ་དང་ས་ཁོངས་བཀོད་སྒྲིག་རྣམ་པའི་དོ་མཉམ་ཐད་ཤུགས་བཏོན་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྟོབས་ཆེར་བཟོས་ཏེ། ལྷག་བསམ་དང་བརྩེ་བ་ཆེན་པོས་སྨན་བཅོས་ཐོན་ཁུངས་དང་ཞབས་ཞུས་མི་སྔར་ལས་མང་བར་ཕན་ཐོགས་པར་བྱས་ཏེ། འབད་པ་ཆེན་པོས་མི་དམངས་མང་ཚོགས་ཀྱི་སྨན་བཅོས་ཐད་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་མཐོར་འདེགས་གཏོང་དགོས། །

 
རྩོམ་སྒྲིག་པ། : སངས་རྒྱས་སྐྱབས།