ཟླ1པོའི་ཚེས21ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པར་ཡོངས་འགྲུབ་བྱས་ཏེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་་རྒྱལ་ཁའི་ངང་མཇུག་བསྒྲིལ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས21ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པར་ཡོངས་འགྲུབ་བྱས་ཏེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་་རྒྱལ་ཁའི་ངང་མཇུག་བསྒྲིལ། གྲོས་ཚོགས་ཐོག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཀྱི་ཚོགས་ཞུགས་ལས་ཁུངས། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱེད་ཅིང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག མཐུན་སྒྲིལ་བློ་གཅིག་བྱེད་པ་དང་མཉམ་ཇུས་མཉམ་ཤུགས་འདོན་པ། སྙིང་སྟོབས་ཆེར་སྐྱེད་དང་དཔའ་ངར་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཡི་མཛུས་སྡུག་རི་མོ་མཉམ་དུ་འབྲི་དགོས་པའི་འབོད་སྐུལ་བཏང་།
གྲོས་ཚོགས་ནི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་མཛད་པ་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། ལི་ཞའོ་ནན། ཐེན་ཁའེ། ལིའུ་ཏ་དབྱི། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མ་ཡུའེ་ཞང་། དྲུང་ཡིག་ཆེན་མོ་ཞེ་པའོ་ཨེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲས་སུ་བསྡད་ཡོད།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན། ཝང་ལི་མིང་། ལིའུ་མའེ་ཕིན། ཝང་ཝའེ་ཏུང་། ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝུའུ་ལ་ཙེ་པའེ་ཁུ་རའེ་སུའུ་ལི་ཧན། པད་གོ ཀྲུའུ་ཞང་ཧྥེང་། ཧུའུ་ལི་ཁྲུན་བཅས་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།
གྲོས་ཚོགས་ལ་ཨུ་ཡོན388ཞུགས་དགོས་ལ། ཨུ་ཡོན353དངོས་སུ་ཞུགས་ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན།
ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་འདོན་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་སྔ་རྗེས་སུ་གྲོས་འཆམ་བྱུང་།
མགོན་པོ་བཀྲ་ཤིས་ཀྱིས། གྲོས་ཚོགས་བསྡུས་པ་སྤྱོད་གཙང་ཡར་བརྩོན་ཡིན་པ་དང་ལེགས་འགྲུབ་ཕུན་སུམ་ཚོགས་པ་བྱུང་བ། གྲུབ་འབྲས་གལ་ཆེན་བླངས་ཡོད། གྲོས་ཚོགས་སྐབས་སུ། ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་ཧྲིན་ཀྲང་ལས་ཚབ་པ་ལུའོ་ཏུང་ཁྲོན་སོགས་མགོ་ཁྲིད་བློ་མཐུན་གྲོས་ཚོགས་ལ་ཕེབས་པ་དང་། ཨུ་ཡོན་ལ་གཟིགས་སྐྱོང་གནང་བ། ཚོགས་ཆེན་གྱི་གཏམ་བཤད་ལ་གསན་པ། རིགས་དབྱེ་མཉམ་འབྲེལ་ཚན་ཆུང་གི་བགྲོ་གླེང་ལ་ཞུགས་པ། སྲིད་གྲོས་ལས་དོན་དང་ཨུ་ཡོན་གྱི་འགན་སྒྲུབ་ལ་གདེང་འཇོག་མཐོན་པོ་གནང་བར་མ་ཟད་ཤ་ཚ་བའི་རེ་བ་གསར་པ་བཏོན་པ་དེས། ང་ཚོར་ངར་སྐྱེད་དང་སྐུལ་མ་ཆེན་པོ་ཐེབས། ཨུ་ཡོན་ཚང་མས་ཆབ་སྲིད་ཀྱི་ཚད་མཐོ་བའི་འགན་འཁྲི་འདུ་ཤེས་དང་བསམ་པའི་ཉམས་འགྱུར་ཕུན་སུམ་ཚོགས་པ་ལ་བརྟེན་ནས་གྲོས་ཚོགས་ལ་ཞུགས་པ་དང་། སྙན་ཞུ་ཡིག་ཆ་སྣ་ཚོགས་ལ་ནན་ཏན་གྱིས་གྲོས་ཞིབ་བགྲོ་གླེང་བྱས་པ། བསམ་པ་རྣམ་དག་གིས་གྲོས་མོལ་དང་དངོས་གཉེར་བློ་འདོན། ངོས་ཟིན་གཅིག་གྱུར་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་དང་མི་དམངས་ཀྱི་དོན་དུ་འགན་ཅི་ལྕོགས་བྱེད་པའི་འགན་འཁྲི་ཁག་ཁུར་མངོན་པར་བྱས་ཡོད་ཅེས་གསུངས།
མགོན་པོ་བཀྲ་ཤིས་ཀྱིས། ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”མཇུག་སྡུད་པའི་ལོ་ཡིན་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་མོར་སྤེལ་བའི་ལོ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་བཙུགས་ནས་ལོ་འཁོར70ལོན་པའི་ལོ་ཡང་ཡིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། གནད་འགག་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་སྐུལ་སློང་བྱས་ཏེ་བཀའ་བཅོལ་ཡིད་ལ་དམ་པོར་བཟུང་བ་དང་དྲིན་ལན་གཟོ་བཞིན་མདུན་དུ་བསྐྱོད་པ། རང་རང་གི་ལས་རྐང་དུ་དངོས་སྒྲུབ་དཀའ་སྤྱད་སྒྲུབ་མཁས་བྱས་ཏེ། མཛེས་སྡུག་ལྡན་པའི་འཆར་འགོད་རེ་རེ་དངོས་དངོས་བདེན་བདེན་གྱི་འཕེལ་རྒྱས་ཕན་འབྲས་ལ་བསྒྱུར། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་སྣེ་ཁྲིད་ནས་དངོས་འབེབས་བྱེད་པ་དང་། འཇོན་མི་མོད་པོ་དང་རིག་སྟོབས་ཚགས་འདུས། འབྲེལ་གཏུག་རྒྱ་ཁྱབ་ཀྱི་དམིགས་བསལ་ནུས་པ་ལེགས་པར་འདོན་པ། སྔར་ལས་འབད་བརྩོན་རང་འགུལ་གྱིས་འགན་འཁུར་ཅི་ལྕོགས་བྱེད་པ། ཡིད་ཆེས་ཇེ་བརྟན་དང་དཀའ་གནད་སེལ་བ། འཕེལ་རྒྱས་ལ་སྐུལ་བའི་ཐོག་སྔར་ལས་མང་བའི་སྐད་སྒྲ་སྙན་མོ་བསྒྲགས་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རྟིང་ཐག་གཅོད་པ་དང“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མགོ་ལེགས་པར་རྩོམ་པ་མངོན་དུ་འགྱུར་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་དབུལ་རྒྱུ་ཡིན་པའི་བསམ་ཚུལ་བསྟན།
མགོན་པོ་བཀྲ་ཤིས་ཀྱིས། གཅིག་ནས་བསམ་བློ་ཆབ་སྲིད་སྣེ་ཁྲིད་ཐོག“སྲིད་གྲོས་ཀྱི་འགན་འཁྲི”མངོན་པར་རྒྱུན་འཁྱོངས་བྱེད་དགོས་ཏེ། དར་ཆ་གསལ་པོས་ཆབ་སྲིད་གླེང་བ་དང་། “གཏན་ཕབ་གཉིས”ལ་བློ་བརྟན་པོས་གོང་བཀུར་ཞུ་བ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་ཏུ་བསྟར་བ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དེད་ནས་དཔའ་སྐྱེད་མདུན་སྐྱོད་བྱེད་པ། རྒྱལ་དོན་གྱི་ཆེ་ཕྱོགས་དང་ཞིང་ཆེན་གྱི་དོན་གནད་ལ་དམ་དུ་སྦྲེལ་ནས་སྲིད་གྲོས་ཀྱི་ལས་དོན་འཆར་འགོད་སྐུལ་འདེད་གཏོང་བ། དམངས་གཙོ་གྲོས་མོལ་གྱི་ལག་ལེན་བརྒྱུད་ནས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཇུས་ཆོས་བཀོད་སྒྲིག་དེ་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་ཆབ་སྲིད་ངོས་ཟིན་དང་རང་རྟོགས་འགུལ་སྐྱོད་ལ་བསྒྱུར་མཁས་པར་བྱས་ཏེ། ཆབ་སྲིད་ཐོག་སེམས་པ་སྣོད་གཅིག་དང་བསམ་བློའི་ཐོག་ཁ་ཕྱོགས་གཞི་གཅིག འགུལ་སྐྱོད་ཐོག་གོམ་འགྲོས་མཉམ་གཅིག་བཅས་དུས་དང་རྣམ་པ་ཀུན་ཏུ་བྱེད་དགོས། གཉིས་ནས་ལྟེ་གནས་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བའི་ཐོག་སྲིད་གྲོས་ཀྱི་བྱས་འབྲས་མངོན་པར་རྒྱུན་འཁྱོངས་བྱེད་དགོས་ཏེ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཆོག་མཆན་ཐོབ་པའི་ད་ལོའི་གཙོ་གནད་གྲོས་མོལ་འཆར་གཞི་དངོས་འབེབས་བྱེད་པ་གཙོ་སྐུད་དུ་འཛིན་པ་དང་། མཐོ་ས་སྐྲུན་པ་དང་གནས་བཞི་འཛུགས་སྐྲུན། སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། འཛད་སྤྱོད་སྟོབས་ཤུགས་ཡོད་རྒུས་སྤེལ་བ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་པ་གསོ་སྐྱོང་བྱེད་པ། མཐོ་སྒང་ཁམས་གསོ་གོང་འཕེལ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཏོང་བ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པ”བཟོ་བ་སོགས་ཀྱི་གཙོ་གནད་དཀའ་གནད་གནད་དོན་ལ་དམ་པོར་དམིགས་པ། གྲོས་མོལ་སྲིད་གླེང་དང་དམངས་གཙོ་ལྟ་སྐུལ་ལ་བརྩོན་པ། ཇུས་ལེགས་མང་དུ་འདོན་པ་དང་གྲོས་བཟང་མང་དུ་ཕུལ་བ། ཐབས་བཟང་མང་དུ་འཐེན་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གི་ཆེ་ཕྱོགས་ལ་སྔར་ལས་སྟོབས་ལྡན་ཕན་ཡོད་སྒོས་ཞབས་འདེགས་ཞུ་དགོས། གསུམ་ནས་མང་ཚོགས་ལ་འབྲེལ་གཏུག་ཞབས་འདེགས་ཞུ་བའི་ཐོག་སྲིད་གྲོས་ཀྱི་བརྩེ་བ་མངོན་པར་རྒྱུན་འཁྱོངས་བྱེད་དགོས་ཏེ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ལངས་ཕྱོགས་བརྟན་པ་དང་མང་ཚོགས་ཀྱི་ལམ་ཐིག་ཏུ་ལེགས་པར་བསྐྱོད་པ། བརྟག་དཔྱད་ཞིབ་འཇུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྲོལ་བཟང་རྒྱ་ཆེར་དར་བར་བྱེད་པ། སྲིད་གྲོས་རིགས་དབྱེ་དང་བརྒྱུད་ལམ་དགེ་མཚན་ལ་བརྟེན་ནས་དམངས་ཚུལ་དམངས་འདུན་རྒྱ་ཁྱབ་ཏུ་སྡུད་པ། ཨུ་ཡོན་འགན་སྒྲུབ་ཀྱི་ཞབས་ཞུ་དམངས་དོན་ཡིན་པའི་ཞབས་ཞུ་ཐེག་བྱེད་དུ་བྱས་ནས་མང་ཚོགས་ལ་རོགས་རམ་སྒོས་དོན་དངོས་སྒྲུབ་པ་དང་དོན་བཟང་སྒྲུབ་པ། དོན་དཀའ་མོ་ཐག་གཅོད་པ། མཐིལ་རྟོགས་རྣམ་པའི་བརྟག་དཔྱད་ལ་བརྟེན་ནས་མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་རེ་ཐག་གཅོད་པར་རོགས་སྐུལ་བྱེད་ཅིང་། དམངས་ཚུལ་རྟོགས་པ་དང་དམངས་ཁྲེལ་སེལ་བ། དམངས་སེམས་དྲོ་བའི་ལས་དོན་ངེས་པ་དོན་གྱིས་མང་ཚོགས་ཀྱི་འདོད་ཐོག་ལ་ཡོང་བར་བསྒྲུབས་ཏེ། མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ལ་མི་དམངས་སྲིད་གྲོས་མི་དམངས་ཆེད་དུ་བརྩོན་པའི་བརྩེ་བ་རྣལ་མ་དངོས་སུ་ཚོར་དུ་འཇུག་དགོས། བཞི་ནས་མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོ་ཐོག་སྲིད་གྲོས་ཀྱི་དགེ་མཚན་མངོན་པར་རྒྱུན་འཁྱོངས་བྱེད་དགོས་ཏེ། སེམས་ཤུགས་རྒྱ་ཁྱབ་ཏུ་སྡུད་པ་དེ་སྲིད་གྲོས་ལས་དོན་གྱི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་ལ་ཁྱབ་པར་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ལ་འདྲེས་པ་དང་ཞབས་འདེགས་ཞུ་བའི་འཐབ་ཇུས་ངེས་གནས་ཀྱི་ངོས་ཟིན་མུ་མཐུད་དུ་ཟབ་མོར་སྤེལ་བ། ཨུ་ཡོན་གྱིས་ཡིད་ཆེས་བརྟན་པ་དང་དམངས་སེམས་སྡུད་པ། མི་སེམས་དྲོ་བ། སེམས་པ་སྣོད་གཅིག་གི་ལས་དོན་མང་པོ་སྒྲུབ་པ། ཕྱོགས་སོ་སོའི་ཡར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ཆེས་ཆེར་སྐུལ་སློང་བྱེད་པ། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་མོར་སྤེལ་བའི་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་གཉེར་པ་བཅས་རང་རྟོགས་ཀྱིས་ལེགས་པར་བྱེད་པ། ཡིད་ཆེས་བརྟན་པ་དང་དངོས་གཉེར་སྔོན་བརྩོན་གྱི་གཞི་གདངས་གཙོ་བོ་ཐུན་མོང་ཐོག་བཏང་སྟེ། མཚོ་སྔོན་རྟོགས་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་བའི་ཡར་བརྩོན་གྱི་སྟོབས་ཆེན་པོ་མུ་མཐུད་དུ་སྡུད་དགོས། ལྔ་ནས་དམངས་གཙོ་གྲོས་མོལ་གྱི་ལག་ལེན་ཟབ་མོར་སྤེལ་བའི་ཐོག་སྲིད་གྲོས་ཀྱི་ཁག་ཁུར་མངོན་པར་རྒྱུན་འཁྱོངས་བྱེད་དགོས་ཏེ། དོན་དག་ཡོད་ན་གྲོས་མོལ་མང་དུ་བྱེད་པ་དང་དོན་ལ་འཕྲད་ན་གྲོས་མོལ་མང་དུ་བྱེད་པ། དོན་དག་སྒྲུབ་པར་གྲོས་མོལ་མང་དུ་བྱེད་པ་བཅས་འབོད་སྐུལ་རྒྱ་ཆེར་བྱེད་པ། གི་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ཏུ་བསྟར་བ་ལ་བརྟེན་ནས་དམངས་གཙོ་གྲོས་མོལ་གྱི་ལག་ལེན་ཟབ་མོར་སྤེལ་བ། མི་རིགས་སོ་སོ་དང་ལས་རིགས་སོ་སོ་གོ་རིམ་ལྡན་པའི་ངང་ཆབ་སྲིད་ལ་ཞུགས་པར་མུ་མཐུད་དུ་རྒྱ་སྐྱེད་པ། ཆེད་དོན་གྲོས་མོལ་ལས་ཁུངས་ལམ་ལུགས་ཅན་དང་ཚད་གཞི་ཅན། ལས་རིམ་ཅན་གྱི་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་པར་དམིགས་པ། གྲོས་མོལ་རིག་གནས་གསོ་སྐྱོང་ལ་བརྩོན་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞི་རང་བཞིན་གྱི་ནུས་པ་དང་ཨུ་ཡོན་གྱི་གཙོ་གཞིའི་ནུས་པ། ལས་ཁུངས་ཀྱི་ཞབས་ཞུ་འགན་སྲུང་ནུས་པ་སྔར་ལས་ལྷག་པར་འདོན་པ། དམངས་གཙོ་གྲོས་མོལ་རྒྱ་ཁྱབ་དང་བང་རིམ་མང་བའི་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་དགེ་མཚན་ཇེ་དྲག་ཏུ་གཏོང་བར་དམིགས་དགོས་ཞེས་ནན་གྱིས་བསྟན།
དབྱང་ཧྥེང་ཁྲུན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལུའེ་ཀང་། ཝང་ཅིན་ཀྲའེ། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལི་ཧུང་ཡ། ཝང་ཧའེ་ཧུང་། ཁྲེན་ཅེ་ཝའེ། ཀྲང་ཙེ་ཅུན། ཀྲ་ཆིན་ཅིའུ་བཅས་ཀྲུའུ་ཞི་སྟེགས་བུར་བསྡད་ཡོད། །