ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་འཐུས་ཚབ་ཚོགས་པས་ཚོགས་ཆུང་བགོས་ནས“གླིང་གཉིས”བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2025-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་འཐུས་ཚབ་ཚོགས་པས་ཚོགས་ཆུང་བགོས་ནས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། ཚང་མས་གཅིག་མཇུག་གཉིས་མཐུད་ངང་གཏམ་བཤད་བྱས་ཏེ་རང་རང་གི་ལྟ་ཚུལ་བརྗོད་པ་དང་། ཡུལ་དངོས་སུ་སྤྲོ་སྣང་གིས་ཁེངས་འདུག

འཐུས་མི་ཚོས་གྲོས་ཞིབ་བྱེད་སྐབས་ཞིང་ཆེན་གྱི“གླིང་གཉིས”བྱ་བའི་སྙན་ཞུར་ཁས་ལེན་གང་ལེགས་བྱས་པ་དང་། སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བར་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐར་ཕྱིན་བྱས་ཐོག ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་བླང་བྱ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་ཆོད་དོན་འཁྱོལ་ནན་ཏན་བྱས་ཏེ། གྲུབ་འབྲས་ཕྱོགས་སྡོམ་དྲང་བཞག་ཡིན་ལ། འཆར་འགོད་ལས་དོན་གྱི་གཙོ་གནད་ཁ་གསལ་ཞིང་། གྲངས་གཞི་དང་གྱོད་དཔེ། གྲུབ་འབྲས་དང་གསར་གཏོད་བཅས་ཡོད་པས། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་ཆེན་དུ་ཁྲིམས་འཛིན་དང་ཁྲིམས་སྐྱོང་བྱེད་པའི་འགན་འཁུར་བའི་འདུ་ཤེས་མངོན་པ། “གླིང་གཉིས”ཀྱིས་དྲང་བདེན་སྲུང་སྐྱོང་དང་། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་ལག་བསྟར་བྱེད་པ། གྱོད་སྒྲུབ་སྤུས་ཚད་མཐོ་རུ་གཏོང་བའི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་མངོན་ཡོད།

འཐུས་མི་ཚོས་འདས་ཟིན་པའི་ལོ་གཅིག་གི་ནང་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས“དྲང་གཞག་དང་ལས་ཕྱོད”བརྗོད་དོན་གཙོར་དམིགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་ནས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཁྲིམས་ལྟར་ལྟེ་བར་ཞབས་འདེགས་ཞུ་བ། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་ལག་ལེན་གཏིང་ཟབ་བྱེད་པ། ནན་ཏན་གྱིས་གྱོད་སྒྲུབ་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་རྒྱུན་མཐུད་ངང་ནུས་ཤུགས་སྤྱད་ཡོད་ལ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་ཁྲིམས་འཛིན་འགན་སྲུང་བརྟན་པོ་མཁོ་འདོན་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱ་རྒྱུར་དམིགས་ཏེ། ཆབ་སྲིད་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་བསྣན་ནས་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་རོགས་རམ་བྱེད་པ། དོན་དངོས་སྟེང་དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ། ནུས་ཤུགས་ཡོད་ཚད་ཀྱིས་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་བྱས་རྗེས་འཇོག་རྒྱུ་ཡིན་ཟེར། 

འཐུས་མི་ཚོས“གླིང་གཉིས”ཀྱིས་མུ་མཐུད་དུ་དམངས་དོན་གྱི་ཆེ་དུ་བརྩེ་སེམས་བརྟན་སྲུང་བྱེད་པ་དང་། འགན་འཁུར་བློ་ལ་བརྟན་པོར་ངེས་པ། ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབ་པ། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོ་བའི་སྒོས་ནས་ཆབ་སྲིད་ཀྱི་ལྷག་བསམ་སྲ་བརྟན་དུ་གཏོང་བ། ལས་འགན་སྔར་ལས་ལེགས་པའི་སྒོ་ནས་ལྟེ་གནས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། བྱེད་ཐབས་ལག་བསྟར་སྔར་ལས་གཙོར་བྱས་ནས་དམངས་དོན་གྱི་ཁྲིམས་འཛིན་ལག་བསྟར་བྱེད་པ་དང་བསྒྱུར་བཅོས་གསར་གཏོད་བྱེད་ཤུགས་སྔར་ལས་ཆེ་བ་གཏིང་ཟབ་ཏུ་གཏོང་བ། བླང་བྱ་སྔར་ལས་ནན་མོས་སྟེང་དཔུང་ཁག་སྟོབས་ལྡན་བསྐྲུན་པ་བཅས་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ཞབས་ཞུ་དང་འགན་སྲུང་འདོན་སྤྲོད་བྱེད་པའི་རེ་བ་ཡོད་ཟེར།   ། 

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།