ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས8ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་ནས་ཤེས་གསལ་ལྟར་ན། 2024ལོར་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་ཐིག་དམ་འཛིན་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་དྲང་སྲུང་གསར་གཏོད། འབད་བརྩོན་ལྷོད་མེད་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་སོ་སོར་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པ་དང་། རྒྱལ་ཡོངས་སུ་གྲོང་ཁྱེར་དང་ཁུལ་ཚང་མ་དང་། རྫོང93%བཅས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བདེ་བླག་ངང་འཛུགས་པར་མངོན་འགྱུར་བྱུང་།
གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་འགན་མ་དངུལ་ལོ་རྒྱུས་ཀྱི་མཐོ་ཤོས་བཏོད་ཡོད་པ་དང་། གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་འགན་དོན་འཁྱོལ་བརྩོན་ལེན་བྱེད་པའི་མ་དངུལ་སྒོར་དུང་ཕྱུར4.25ཡིན་པ་དང་དུས་མཉམ་ལས་སྒོར་ཁྲི1279འཕར་སྣོན་བྱུང་ཞིང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་སྐྲུན། རྣམ་གྲངས་སྣ་ཚོགས245ལག་བསྟར་བྱས་པ་དང་། “དམངས་འཚོ་བཟོ་འགོད”“བདེ་སྐྱིད་བཟོ་འགོད”མང་པོ་བསྒྲུབས་ཡོད། ཆ་རྐྱེན་དང་མཐུན་པའི་ཁེ་ལས28ལ་སྐྱེད་ཀ་ཁ་གསབ་མ་དངུལ་སྒོར་ཁྲི1506བཏང་ཡོད་ལ། མ་དངུལ་སྒོར་ཁྲི1838ལྷག་བཀོད་སྒྲིག་བྱས་ནས། མང་ཚོགས་ཁྲི35ལ་ཧྥུལ་རིན་གོང་དམའ་བའི་ཇ་འཐུང་ཐུབ་པར་མངོན་འགྱུར་བྱུང་བ་དང་། མ་དངུལ་སྒོར་ཁྲི415བཀོད་སྒྲིག་བྱས་ཏེ། ཁ་གཏད་རོགས་སྐྱོར་སྡེ་བར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱེད་པར་སྤྱོད་རྒྱུ་རེད།
མི་རིགས་སོ་སོའི་འགྲོ་འོང་སྤེལ་རེས་མཉམ་འདྲེས་རྒྱ་བསྐྱེད་གཏིང་ཟབ་ཏུ་གཏོང་བ་དང་། བྱ་འགུལ་བཅུ་ལག་བསྟར་བྱས་པ་སྟེ། མཚོ་སྔོན་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྒོར་དུང་ཕྱུར2.15བཏང་བ་དང་། “འབྲེལ་གསུམ”རྣམ་གྲངས་རིགས51ལག་བསྟར་བྱས་པ་དང་དུས་མཉམ་ལས་སྒོར་དུང་ཕྱུར1.22འཕར་ཡོད། ཁྱོན་ཡོངས་དང་གཞི་ཁྱོན་ཆེ་ཞིང་གཏིང་ཟབ་པའི“ཕན་ཚུན་འགྲོ་འོང”བྱེད་པའི་ལག་ལེན་ཁྲོད། “བློ་གྲོས་ལྡན་པ་དང་མི་སེམས་འདུ་བ”བཅས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཞིང་། “སེ་འབྲུ་དམར་པོའི་ལས་ཞུགས་བྱ་འགུལ”གསར་གཏོད་བྱས་པ་དང་། ལས་མི་ཁྲི1.2ལྷག་ཅང་སུའུ་རུ་ལས་ཞུགས་དང་ལས་གཏོད་བྱེད་པར་སྐྱེལ།
དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། རྒྱལ་ཡོངས་ཀྱི་ཚད་གཞི་ལས་མཐོ་བ་དང་རྒྱལ་ཡོངས་ཀྱི་བླང་བྱ་ལས་ནན་མོ་ཡིན་པའི《མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གསར་སྐྲུན་ཚད་ལེན་དཔྱད་ཞིབ་དམིགས་ཚད་མ་ལག(ཚོད་ལྟ་བྱེད་པ)》འགྲེམ་སྤེལ་དང་ལག་བསྟར་བྱས་ཏེ། ཞང་དང་གྲོང་རྡལ་དང་། ལས་ཁུངས། ཁེ་ལས། སྡེ་ཁུལ། སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་རིགས་དབྱེ་དཔྱད་ཞིབ་དམིགས་ཚད་དྲུག་བཟོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི“མང་པོ་གཅིག”གཙོར་བྱེད་པའི་མ་ལག་གི་བྱ་བའི་བསམ་འཆར་ཞིབ་འཇུག་དང་གཏན་འབེབས་བྱེད་པ་དང་། 《ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཕྱོགས་བསྒྲིགས·མཚོ་སྔོན་གྱི་ལེའུ》དང《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རིག་དངོས་དཔེ་རིས·མཚོ་སྔོན་གྱི་ལེའུ》རྩོམ་སྒྲིག་ལེགས་འགྲུབ་བྱུང་བ་དང་། “འབྲེལ་གསུམ”གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཡི་གེ་ཁྲི186རྩོམ་སྒྲིག་བྱས་པ་དང་གྲངས་ཉུང་མི་རིགས་ཀྱི་རིག་དངོས501བསྡུས་པ་རེད། །