ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2024ལོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱ་བས་སྔར་ལས་མཐོ་བའི་ཆུ་ཚད་ཀྱིས་བདེ་འཇགས་མཚོ་སྔོན་དང་། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་དམིགས་འབེན་དུ་བྱས་ཏེ། མུ་མཐུད་ནས་དམངས་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་བྱ་བའི་མ་ལག་འཐུས་ཚང་དུ་བཏང་སྟེ། སྤྱི་དམངས་ཀྱི་ཁྲིམས་སྐྱོང་སྤུས་ཚད་མཐོར་འདེགས་སུ་བཏང་བ་དང་། ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གཞི་རིམ་བཅོས་སྐྱོང་ནུས་ཤུགས་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཀྲུང་གོ་ཅན་གྱི་དེང་རབས་ཅན་གྱི་མཚོ་སྔོན་ཐད་ཁྲིམས་སྐྱོང་འགན་སྲུང་མཁོ་འདོན་བྱེད་པར་སྐུལ་འདེད་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་དམངས་ཡོངས་བཅའ་ཁྲིམས་ཁྱབ་གདལ་དེ་དམངས་ཚིས་བཟོ་སྐྲུན་དུ་བྱས་ཤིང་། ཚོགས་པ་མི་འདྲ་བའི་ཁྲིམས་སློབ་པ་དང་། ཁྲིམས་སྤྱོད་དགོས་མཁོའི་གནད་ཁེལ་གཏན་འཁེལ་ལྟར། རིགས་དབྱེའི་སྒོ་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་ནས། ཁྱོན་ཡོངས་ནས་དམངས་ཡོངས་བཅའ་ཁྲིམས་ཁྱབ་གདལ་གྱི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་དེ། ཁྲིམས་སྐྱོང་དགོངས་དོན་དེ་ཁྱིམ་ཚང་མང་པོར་སླེབས་པར་བྱས།
2024ལོར། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་བྱེད་ཐབས་རབ་དང་རིམ་པ་འཐུས་ཚང་དུ་བཏང་བ་དང་། ལོ་ཧྲིལ་བོའི་བཅའ་ཁྲིམས་ཁྱབ་གདལ་འེར་འགོད་བྱས་ཏེ། 《མཚོ་སྔོན་ཞིང་ཆེན་གྱི2024ལོའི་བཅའ་ཁྲིམས་ཁྱབ་གདལ་ཁྲིམས་ལྟར་བཅོས་སྐྱོང་བྱ་བའི་གཙོ་གནད》སྒྲིག་བཟོ་འགྲེམ་སྤེལ་བྱས་པ་དང་། 《ཞིང་ཆེན་ཡོངས་ཀྱི“ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི”དྲིལ་སྒྲོག་བྱ་འགུལ་སྤེལ་བའི་སྐོར་གྱི་བྱེད་ཐབས》སྒྲིག་བཟོ། 《བཅའ་ཁྲིམས་ཁྱབ་གདལ་རྨང་གཞི་སྟོབས་ལྡན་མཐོར་འདེགས་ཀྱི“བྱེད་སྟངས་དྲུག”སྤེལ་བའི་སྐོར་གྱི་ལག་བསྟར་བྱེད་ཐབས》སྒྲིག་བཟོ་བྱས། “བཅའ་ཁྲིམས་ཁྱབ་གདལ་དང་གསལ་འདེབས”“བཅའ་ཁྲིམས་ཁྱབ་གདལ་དང་འདུམ་འགྲིག”“བཅའ་ཁྲིམས་ཁྱབ་གདལ་དང་ཞབས་ཞུ”སོགས་ཀྱི་རྣམ་པ་མང་པོའི་ཏན་ཏིག་གིས“ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་སློབ་གསོའི་བྱ་འགུལ”དང་འཛིན་བྱས་པ་མ་ཟད། “གཙོ་གནད་དུས་ཚོད་དང་ཁྲིམས་སྐྱོང་བརྗོད་དོན་ལག་ལེན། ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག”གི་ཕྱོགས་བསྡུས་མཉམ་འབྲེལ་བཅའ་ཁྲིམས་ཁྱབ་གདལ་རྣམ་པ་སྤྱི་བསྡོམས་བྱས། སེམས་ཞིབ་མོས་ཞིང་ཆེན་ཡོངས་ཀྱི་ཐེངས་བཞི་བའི“དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བ”དང“བཅའ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”བྱ་འགུལ་ཐེངས་བདུན་པ་རྩ་འཛུགས་བྱས་ནས། བཅའ་ཁྲིམས་སློབ་རར་བསྐྱོད་པ་དང་། ཆོས་ལུགས་བྱ་འགུལ་སྤེལ་སར་བསྐྱོད་པའི“བསྐྱོད་པ་གཉིས”ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི“3+1”གི“ཁྲིམས་སྐྱོང་ལོ་ཆུང་གཞོན་ནུའི”སྤྱི་ཕན་བཅའ་ཁྲིམས་ཁྱབ་གདལ་ཞབས་ཞུ་མ་ལག་ཁྱོན་ཡོངས་ནས་འཛུགས་སྒྲུབ་བྱས། ཁྲིམས་སྐྱོང་དྲིལ་སྒྲོག་ཕུལ་བྱུང་ཡིག་གཟུགས་དང་། པར་ལེན་བརྩམས་ཆོས། གློག་བརྙན་ཐུང་གྲས་བརྩམས་ཆོས་བསྡུ་སྒྲིག་བྱ་འགུལ་སྤེལ་ཏེ། དྲིལ་སྒྲོག་ཤུགས་ཚད་ལྡན་པའི་ཁྲིམས་སྐྱོང་རིག་གནས་མཁོ་འདོན་མ་ལག་གསར་སྐྲུན་བྱས།
ད་ལྟ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་རིགས་སོ་སོའི་ཁྲིམས་སྐྱོང་རིག་གནས་སྤེལ་ས19འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། “བཅའ་ཁྲིམས་ཁྱབ་གདལ་དང་གཟུགས་འདས་ཤུལ་བཞག”གི་རྣམ་པ་བརྒྱུད་དེ། ཁྲིམས་སྐྱོང་རི་གླུའིMVདང་། ཁྲིམས་སྐྱོང་ཤོག་དྲ། ཁྲིམས་སྐྱོང་གཙགས་དྲུབ་སོགས་རིག་རྩལ་བརྩམས་ཆོས་དང་། རིག་གནས་གསར་རྩོམ་ཐོན་རྫས་སྔོག་འདོན་བྱས་པ་མ་ཟད། ཕུལ་བྱུང་བརྩམས་ཆོས་ཁ་ཤས་ཤིག་བརྙན་ཡོལ་དང་སྨྱན་བྱད་སྟེང་དུ་ཁྱེར་ཡོང་ནས། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་རིགགནས་བརྩམས་ཆོས་སྐོར་ཞིག་གྲུབ་པར་བྱས།
“ང་ཚོས་ཁྱོན་ཡོངས་ནས‘བཅའ་ཁྲིམས་ཤེས་མཁན’བདམས་པ་དང་། གསོ་སྐྱོང་། དོ་དམ”བཅས་ཀྱི་སྦྲེལ་མཐུད་ཡོངས་ཀྱི་གསོ་སྐྱོང་མ་ལག་འཛུགས་སྒྲུབ་བྱས་པ་དང་། རིགས་དབྱེའི་ཁྱབ་ཁོངས་ཀྱི་ཞིང་སྡེ་དང་། བུད་མེད། ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་རིགས་གསུམ་དང་། ‘བཅའ་ཁྲིམས་ཤེས་གསལ་བ’འཛུགས་སྒྲུབ་བྱེད་པའི་དུས་མཚུངས་སུ། ‘མཚོ་སྔོན་བཅའ་ཁྲིམས་ཁྱབ་གདལ’སྐད་འཕྲིན་སྤྱི་སྟེགས་དེ་སྟེགས་བུ་གཙོར་བཟུང་ནས། གཞུང་ཕྱོགས་དྲ་བ་དང་། བརྙན་རིས་ཨང་རྟགས། པོད་འཕྲིན། འདར་དབྱངས་སོགས་སྨྱན་བྱད་སྟེགས་བུས། གནས་ཚད་ཡོངས་ནས། དྲ་རྒྱའི་ཁྲིམས་སྐྱོང་འདུ་ཤེས་དང་དྲ་རྒྱའི་དཔལ་ཡོན་སྤུས་ཚད་མཐོར་འདེགས་སུ་བཏང་། ཞིང་ཆེན་ཁྲིམས་འཛིན་ཐིང་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཁྲུའུ་ཡི་འགན་ཁུར་བའི་མཚམས་སྦྱོར་བྱས། །