ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་ཆེད། ཟླ12པའི་ཚེས11ཉིན་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པ་དང་ཞིང་ཆེན་སྙིང་ཁམས་ཁྲག་རྩའི་ནད་གཞིའི་ཆེད་ཚན་སྨན་ཁང་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ།“མི་རིགས་མཐུན་སྒྲིལ་དང་ལས་ཁུངས་སེམས་མཐུན”ཞེས་བརྗོད་དོན་དུ་བྱས་ནས་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དུ་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མི་རིགས་མཐུན་སྒྲིལ་གྱིས་གྲོང་གསེབ་གསར་སྐྲུན་བྱེད་པའི་བྱ་འགུལ་སྤེལ་ཏེ། མི་རིགས་མཐུན་སྒྲིལ་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་རོགས་སྐྱོར་བྱེད་པ། མི་རིགས་སོ་སོའི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས
བྱ་འགུལ་སྤེལ་ཡུལ་དུ་ལས་དོན་མི་སྣས་བྱ་འགུལ་སྤེལ་ཡུལ་གྱི་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་གལ་ཆེན་གསལ་འགྲེལ་བྱས་པ་དང་། 《མི་རིགས་ལས་དོན་གྱི་ཤེས་བྱའི་དྲིལ་བསྒྲགས་ལག་དེབ》ཀྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ། སྨན་ཁང་གི་ཆེད་ལས་མཁས་པ15ཡིས་ཡུལ་དངོས་སུ་འོས་འགན་སྨན་བཅོས་དང་བདེ་ཐང་སྐྱེལ་བའི་བྱ་འགུལ་སྤེལ་ནས་མང་ཚོགས་རྣམས“སྒོ་ཁ”རུ་སྨན་ཁང་ཆེ་གྲས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པ་པའི་དུས་མཚུངས་སུ། ཏང་ཡོན་རྒན་གྲས་དང་གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཚང་གི་འཐུས་མིར་འཚམས་འདྲི་གནང་བ་རེད། “ཐེངས་འདིའི་བྱ་འགུལ་བརྒྱུད་ང་ཚོས་མི་རིགས་སོ་སོ་སེ་འབྲུ་བཞིན་ལག་གདང་སྦྲེལ་ནས་ཏང་དང་རྒྱལ་ཁབ་ཀྱི་སྣེ་ཁྲིད་འོག མི་རིགས་མཐུན་སྒྲིལ་མཐའ་འཁྱོངས་བྱེད་པ་དང་མཉམ་གཅིག་ཏུ་ཕྱུག་འགྱུར་མཐའ་འཁྱོངས་བྱེད་པ། མཉམ་གཅིག་ཏུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་བཅས་མཐའ་འཁྱོངས་བྱེད་དགོས་པ་ཤེས་སོང”ཞེས་ཡུལ་དངོས་ཀྱི་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་དང་། ཁོ་ཚོས་ཏང་གི་ཐུགས་ཁུར་དང་མི་རིགས་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་ལ་ཤེས་རྟོགས་བྱུང་།
ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ཞིང་ཆེན་ཐད་གཏོགས་ལས་ཁུངས་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་གཡུལ་ས་དང་པོ་ཡིན་པའི་ངོས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་མུ་མཐུད་དུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཐོག“ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི”ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ་དང་། “ལས་ཁུངས་སུ་འགྲོ་བ”གཏོད་པའི་བྱ་ཐབས་ཁག་བདུན་ལ་ཤུགས་སྣོན་ནས། “གཡུལ་ས་གཙོ་བོ་ལྔར”དམིགས་ནས“མི་རིགས་མཐུན་སྒྲིལ”མཉམ་འདྲེས་འཕེལ་རྒྱས་ཀྱི་འཆར་འགོད་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་ལག་ལེན་མཐར་ཕྱིན་བྱས་ཏེ་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པར་མདུན་དུ་བསྐྱོད་པ་དང་དཔེ་སྟོན་གཏོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། །