ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧོང་རུའེ་ཆིའུ་འཁོར་དང་བཅས་པར་བཞུགས་མོལ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་ལ་རྟོག་ཞིབ་མཛུབ་སྟོན་དུ་ཡོང་བའི་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧོང་རུའེ་ཆིའུ་འཁོར་དང་བཅས་པར་བཞུགས་མོལ་གནང་།

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གིས་དུས་ཡུན་རིང་པོར་མཚོ་སྔོན་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་གནང་བར་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུས། ཁོང་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་མཛད་པ་དེས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནམ་ཡང་མི་བརྗེད་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བཀའ་མངགས་ཡིད་ལ་དམ་པོར་འཛིན་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་དུ་ཟབ་མོར་འདེབས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སེམས་ཤུགས་གཅིག་འདུས་ཀྱིས་བསྐྲུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཚོ་སྔོན་གྱི་མཐུན་སྦྱོར་སྐུལ་འདེད་གཏོང་བར་སྔར་ལས་ལྷག་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད་པ་དང་། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དེ་སྔར་ལས་འབུར་དུ་དོད་པའི་གོ་གནས་སུ་འཇོག་རྒྱུ་དང་། སྔ་མོ་དང་ཆུང་བ་གཉིས་ལ་རྐང་འཛུགས་པ། རྒྱུན་རྣམ་ཅན་གྱི་ལྟ་སྡོམ་དང་འདྲི་རྩད་ཇེ་དྲག་ཏུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ལ་ཤུགས་སྣོན་པ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སྐོར་གསུམ་པའི་གནད་དོན་བཅོས་སྐྱོང་ནན་ཏན་གྱིས་ལེགས་པར་བསྒྲུབས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཆེན་མོ་ངེས་པ་དོན་གྱིས་ཕྲག་ཏུ་ལེན་རྒྱུ་ཡིན་ཞེས་གསུངས།

ཧོང་རུའེ་ཆིའུ་ཡིས་མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་བླངས་པའི་གྲུབ་འབྲས་དང་མཚོ་སྔོན་གྱི་ལས་བྱེད་མང་ཚོགས་ཀྱི་ཧུར་བརྩོན་བྱས་རྗེས་ཀྱི་སྙིང་སྟོབས་ལ་གདེང་འཇོག་གང་ལེགས་བྱས། ཁོས་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་ནན་ཏན་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་བླངས་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཐོ་སྒང་ས་གཞི་ཆེན་པོའི་ཐོག་མི་སེམས་ལ་གཤགས་པ་དང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱས་འདུག མཚོ་སྔོན་གྱིས་ད་དུང་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་མཛུབ་སྟོན་གལ་ཆེན་དེ་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་བ་དང་། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། སྒྲིག་ལམ་དང་སྒྲིག་ཁྲིམས་དུས་དང་རྣམ་པ་ཀུན་ཏུ་སྔོན་ལ་འཛིན་པ། ཚན་རིག་དང་མཐུན་ལ་གཟབ་ནན་ཞིབ་ཚགས་ལྡན་པའི་སྒོ་ནས་བཅོས་སྐྱོང་ལ་སྐུལ་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དངོས་ཡོད་ཕན་འབྲས་ལ་བརྟེན་ནས་ཏང་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་སྤྲོད་རྒྱུའི་རེ་བ་ཡོད། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་སྔར་སྲོལ་འགྱུར་མེད་སྒོས་མཚོ་སྔོན་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། དྲི་བ་གཅིག་པར་ལན་མཉམ་དུ་འདེབས་པ་དང་མཉམ་ཤུགས་འདོན་པར་རྒྱུན་འཁྱོངས་བྱེད་པ། པུའུ་དང་ཞིང་ཆེན་མཉམ་ལས་གྲོས་མཐུན་དངོས་འབེབས་ལ་འབད་དེ། མཚོ་སྔོན་གྱིས་ཆུ་ཚད་མཐོ་བའི་སྲུང་སྐྱོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ཐུབ་པར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།

ཞིང་ཆེན་མགོ་ཁྲིད་ཀྲུའུ་ཞང་ཧྥེང་དང་ལིའུ་ཐའོ་བཞུགས་མོལ་ལ་ཞུགས། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།