ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས2021ལོ་ནས2023ལོའི་བར་གྱི་ཀྲུང་དབྱང་སྔོན་རྩིས་མ་འཇོག་རྣམ་གྲངས་ལག་བསྟར་བྱས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ཀྲུང་དབྱང་གི་སྔོན་རྩིས་མ་འཇོག་འཆར་གཞི་ལག་བསྟར་ཇེ་མགྱོགས་སུ་གཏོང་བ་དང་། ཀྲུང་དབྱང་གི་སྔོན་རྩིས་མ་འཇོག་ཕན་འབྲས་འདོན་སྤེལ་ཡག་པོ་བྱ་ཆེད། མ་འཇོག་འཆར་གཞི་ལག་བསྟར་བྱེད་ཚད་སྐོར་གྱི་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་བླང་བྱ་དང་ཟུང་འབྲེལ་བྱས་ནས། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི2021ལོ་ནས 2023 ལོའི་བར་གྱི་ཀྲུང་དབྱང་སྔོན་རྩིས་མ་འཇོག་རྣམ་གྲངས་ལག་བསྟར་བྱས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས། ལྟ་ཞིབ་ཚད་ལེན་བྱས་པ་ལས། དུས་འགོའི་དགུན་དུས་ཀྱི་ངལ་གསོའི་དུས་སྐབས་སྤྱད་དེ་ལས་མགོ་རྩམ་པའི་རྒྱུ་ཆ་གྲ་སྒྲིག་དང་ལས་མགོ་འཛུགས་པར་སྐུལ་འདེད་གཏོང་བའི་ལྟ་སྐུལ་མཛུབ་ཁྲིད་བྱས་པ་བརྒྱུད། 2022ལོར་རྣམ་གྲངས་ཚང་མ་ལས་མགོ་ཚུགས་པ་དང་། 2023ལོར་ལས་མགོ་མ་བཙུགས་པའི་རྣམ་གྲངས་ན་ནིང་གི་ལོ་མཇུག་གི་ལྟ་ཞིབ་ཚད་ལེན་ལས171ཉུང་དུ་ཕྱིན་པ་དང་། ལས་མགོ་བཙུགས་ཚད37.82%མཐོ་རུ་ཕྱིན་ཡོད། 

ངོ་སྤྲོད་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འཛུགས་སྐྲུན་གྱི་མྱུར་ཚད་རྗེས་ལུས་དང་མ་དངུལ་གཏོང་ཚད་དམའ་བ་སོགས་རྣམ་གྲངས་ལ་མུ་མཐུད་དུ་དོ་སྣང་བྱས་ནས། ཀྲུང་དབྱང་སྔོན་རྩིས་མ་འཇོག་འཆར་གཞི་ལག་བསྟར་བྱས་ཚུལ་ལ་མུ་མཐུད་དུ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་བྱ་རྒྱུ་རེད། ས་གནས་འབྲེལ་ཡོད་སྡེ་ཁག་གིས་ཧུར་ཐག་སྒོས་ནོར་སྲིད་སྡེ་ཁག་དང་འབྲེལ་མཐུད་བྱས་ཏེ། ས་གནས་ཀྱི་རོགས་སྐྱོབ་མ་དངུལ་དུས་ཐོག་ཏུ་བཀོལ་སྤྱོད་བྱེད་པར་འགན་ལེན་ཏན་ཏིག་བྱེད་པ་དང་། འཛུགས་སྐྲུན་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མ་འཇོག་དངོས་འབོར་གང་མགྱོགས་སྒོས་དོན་འཁྱོལ་བྱ་དགོས། དེ་དང་ཆབས་ཅིག སྔོན་རྩིས་མ་འཇོག་འཆར་གཞི་ལག་བསྟར་བྱས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་པའི་འབྲས་བུ་དེ་ལོ་འཁོར་རྗེས་མའི་འབྲེལ་ཡོད་སྔོན་རྩིས་མ་འཇོག་ཆེད་དོན་བཀོད་སྒྲིག་གི་དཔྱད་གཞི་གལ་ཆེན་དུ་བརྩིས་ནས། སྔོན་རྩིས་མ་འཇོག་འཆར་གཞི་ལག་བསྟར་ཡག་པོ་བྱས་པའི་ས་གནས་སམ་ལས་ཁུངས་ལ་རྗེས་ཕྱོགས་ཀྱི་མ་འཇོག་འཆར་གཞི་བཀོད་སྒྲིག་བྱེད་སྐབས་གཟིགས་སྐྱོང་བྱ་དགོས། གནད་དོན་ཅུང་མང་བའི་ས་ཁུལ་དང་ལས་ཁུངས་ལ་གནས་ཚུལ་དངོས་དང་གཞིགས་ནས་འབྲེལ་ཡོད་གཏན་འབེབས་ལྟར་ཉེན་བརྡ་གཏོང་བ་དང་སྐྱོན་བརྗོད་བྱས་ཏེ། ལོ་འཁོར་གྱི་མ་དངུལ་འཆར་གཞི་སྙན་ཞུ་དང་རིགས་མཐུན་གྱི་མ་དངུལ་བཀོད་སྒྲིག་བྱེད་སྐབས་གནས་ཚུལ་དངོས་ལ་གཞིགས་ནས། དེ་མཚུངས་ཀྱི་གྲངས་ཚད་འཐེན་པའམ་ཡང་ན་གཏོང་སྤྲོད་བྱས་ཟིན་པའི་མ་དངུལ་ཕྱིར་ལེན་བྱ་དགོས། ། 

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།