ཀྲུང་གོ་བོད་ཀྱི་དྲ་བ།

“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་རོགས་འདེགས་བྱས་ཏེ་ཟི་ལིང་གྲོང་ཁྱེར་གྱིས་ལྗང་མདོག་བཟོ་གྲྭ44གསར་སྐྲུན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་བཟོ་ལས་དང་ཆ་འཕྲིན་ཅུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། “སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་རོགས་འདེགས་བྱ་ཆེད། ཟི་ལིང་གྲོང་ཁྱེར་གྱིས་བཟོ་ལས་ལྗང་མདོག་རྣམ་བསྒྱུར་རིམ་འཕར་ལ་སྐུལ་འདེད་བཏང་བ་དང་། ལྗང་མདོག་ལས་སྣོན་མ་ལག་འཛུགས་སྐྲུན་བྱས་ཤིང་། ད་ལྟའི་བར་དུ། ལྗང་མདོག་བཟོ་གྲྭ44དང་། ལྗང་མདོག་གླིང་ཁུལ4། ལྗང་མདོག་འདོན་སྤྲོད་སྦྲེལ་མཐུད་དོ་དམ་དཔེ་སྟོན་ཁེ་ལས3བཅས་གསར་སྐྲུན་བྱས། མགྱོགས་མྱུར་ངང་བཟོ་ལས་སྲ་གཟུགས་སྙིགས་རོའི་གྲངས་ཀ་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་ཆེད། ཟི་ལིང་གྲོང་ཁྱེར་བཟོ་ལས་ཆ་འཕྲིན་ཅུའུ་ཡིས་རྐང་འཛིན་ཁེ་ལས་ཕྱོགས་བསྡུས་བེད་སྤྱོད་གསོ་སྐྱོང་དང་། ཁེ་ལས་ཀྱི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཆུ་ཚད་མཐོ་རུ་བཏང་བ་དང་། 《“སྙིགས་མེད་གླིང་ཁུལ”དང“སྙིགས་མེད་ཁེ་ལས”དཔེར་མཚོན་བསྡུ་རུབ་བྱ་བ་རྩ་འཛུགས་བྱེད་པའི་སྐོར་གྱི་བརྡ་སྦྱོར》གྱི་བླང་བྱ་ལྟར། སྐྱེ་ཁམས་ཁོར་ཡུག་སྡེ་ཁག་དང་མཉམ་དུ་ས་ཁུལ་སོ་སོའི་རྒྱལ་ཁབ་ཀྱི་“སྙིགས་མེད་གླིང་ཁུལ”དང“སྙིགས་མེད་ཁེ་ལས”དཔེར་མཚོན་རེ་ཞུ་བྱས་པ་མ་ཟད། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་སྦྲེལ་མཐུད་བྱས་ཏེ། ཀན་ཧུ་དང་ཏུང་ཁྲོན་སོགས་བཟོ་ལས་གླིང་ཁུལ4འོས་སྦྱོར་བྱས་པ་དང་། མཚོ་སྔོན་ཨེ་ཤ་ཡ་གླིང་ཀོས་ལས་རིགས་ཏའོ་ཅོན་ཀོས་ཚད་ཡོད་ཀུང་སི་དང་། མཚོ་སྔོན་ཅིན་ཁུ་ནུས་ཁུངས་ཚད་ཡོད་ཀུང་སི་སོགས་དཔེ་མཚོན10དཔྱད་འདེམས་ཁྲོད་ཞུགས། 

“ང་ཚོས་མགོ་ཁུངས་ནས་གྲངས་ཀ་ཇེ་ཉུང་དུ་གཏོང་བ་དང་། ཚན་རྩལ་ནུས་ཤུགས་བསྩོལ་བ། བྱ་བའི་སྒྲིག་སྲོལ་ཇེ་ལེགས་སུ་བཏང་ནས། མགྱོགས་མྱུར་ངང་ལྗང་མདོག་འཕེལ་རྒྱས་མ་ལག་འཛུགས་སྒྲུབ་བྱས་ཏེ། སྙིགས་མེད་གླིང་ཁུལ་དང་སྙིགས་མེད་ཁེ་ལས(བཟོ་གྲྭ)དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། སྙིགས་མེད་འཕེལ་རྒྱས་འདུ་ཤེས་ཁྱབ་གདལ་དུ་བཏང་། དུས་མཚུངས་སུ། བཟོ་ལས་གླིང་ཁུལ་དང་ཁེ་ལས་རྩ་འཛུགས་བྱས་ཏེ་སྙིགས་མེད་གསར་སྐྲུན་བྱ་འགུལ་སྤེལ་བ་དང་། བཟོ་ལས་སྲ་གཟུགས་སྙིགས་རོའི་གླིང་ཁུལ་དང་། བཟོ་གྲྭའི་ནང་ཁུལ་དུ་འཁོར་རྒྱུག དེ་མིན་མཐུན་འགྲིག་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ། བཟོ་ལས་སྲ་གཟུགས་སྙིགས་རོའི་ཐོན་ཁུངས་ཅན་དང་། མཐོ་རིན་ཅན་གྱི་བེད་སྤྱོད་ཆུ་ཚད་མཐོ་རུ་བཏང་ནས། བཟོ་ལས་སྲ་གཟུགས་སྙིགས་རོའི་ཕྱོགས་བསྡུས་བེད་སྤྱོད་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྒྲུབ་བྱ་རྒྱུ་ཡིན་ཟེར”ཟི་ལིང་གྲོང་ཁྱེར་བཟོ་ལས་ཆ་འཕྲིན་ཅུའུ་ཡི་ལས་སྒྲུབ་མི་སྣས་དེ་ལྟར་བཤད། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།