ཀྲུང་གོ་བོད་ཀྱི་དྲ་བ།

གཙོད་ཀྱི་ལོ་རེའི་གནས་སྤར་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས7ཉིན་གྱི་ཆུ་ཚོད10དང་སྐར་མ17སྟེང་། མཚོ་བོད་གཞུང་ལམ་གྱི་སྤྱི་ལེ3001གི་མཚམས་སུ་ཁག་དང་པོའི་གཙོད47སྨིག་པ་ལ་སྒང་བརྒྱུད་དེ་ཨ་ཆེན་གངས་རྒྱབ་ཕྱོགས་སུ་གནས་སྤོར་བཞིན་ཡོད།

ལོ་རེའི་ཟླ་ལྔ་པ་ནས་ཟླ་བརྒྱད་པའི་བར། མཚོ་བོད་ས་མཐོའི་གཙོད་ཕལ་ཆེ་བས་གནས་སྤར་ནས་གཙོད་ཕྲུག་སྐྱེས་རུ་འགྲོ་པའི་བྱེད་སྒོ་ཐེངས་གཅིག་སྤེལ་གྱིན་ཡོད། ལོ་མང་པོའི་རིང་། མཚོ་སྔོན་གྱིས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་གཙོད་དང་འཚོ་སྡོད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ་དང་ནུས་ལྡན་སྒོས་གཙོད་ཁྱུར་སྲུང་སྐྱོང་བྱས་ནས། གྲངས་འབོར་ཁྲི7ལྷག་ཙམ་སླར་གསོ་བྱས་ཡོད། ། 


 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།