ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོ་ཁུལ་གྱིས་བྱེད་ཐབས་གསུམ་བཏོན་ནས་རྒྱལ་ཡོངས་ཀྱི་དུག་འགོག་དཔེ་སྟོན་གྲོང་ཁྱེར་བསྐྲུན་པར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམངས་ཡོངས་ཀྱི་དུག་འགོག་འདུ་ཤེས་གཏིང་ཟབ་ཏུ་བཏང་ནས“རྒྱལ་ཡོངས་ཀྱི་དུག་འགོག་དཔེ་སྟོན་གྲོང་ཁྱེར”བསྐྲུན་པར་སྐུལ་འདེད་གཏོང་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུག་འགོག་གཞུང་དོན་ཁང་གིས་དུག་འགོག་དྲིལ་སྒྲོག་ལས་དོན་རྒྱུན་རྣམ་ཅན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། “ལྷད་མེད་དྭངས་གཙང་གི་མཚོ་ལྷོའི”ཟོང་རྟགས་བཏོད་ནས། འགུལ་སྐྱོད་དངོས་ཀྱི་སྟེང་ནས་དཔེ་སྟོན་གསར་གཏོད་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་པར་རོགས་འདེགས་བྱས། 

འགན་འཁྲི་དམ་དུ་གཏོང་བ་དང་གནད་དོན་ཐག་གཅོད་བྱས་ཏེ་ཁོར་ཡུག་གསར་བསྐྲུན་བྱ་དགོས། མཚོ་ལྷོ་བོད་རིགས་རང་ཁུལ་དུག་འགོག་གཞུང་དོན་ཁང་གིས་ཁོངས་གཏོགས་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས། རྒྱལ་ཡོངས་ཀྱི་དུག་འགོག་དཔེ་སྟོན་གྲོང་ཁྱེར་གསར་སྐྲུན་གྱི་ཤེས་བྱ་སློབ་སྦྱོང་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་ཧུར་ཐག་གིས་དཔེ་སྟོན་གསར་སྐྲུན་གྱི་ཁོར་ཡུག་བསྐྲུན། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་དུག་འགོག་གཞུང་དོན་ཁང་གིས་ཤེས་བྱ་དྲིལ་སྒྲོག་བྱེད་པའི་སྐབས་སུ་འཕྲད་པའི་གཙོ་གནད་དང་དཀའ་གནད་གནད་དོན་ཐད་ཆེད་དོན་ཞིབ་འཇུག་དང་དབྱེ་ཞིབ་གྲོས་བསྡུར་བྱས་པས། གྲོང་མིའི་དུག་འགོག་ཤེས་བྱའི་ཤེས་རྟོགས་ཚད100%ཟིན། 

ཁྲོམ་གཞུང་དུ་བསྐྱོད་ནས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་མི་ཚང་མས་ནུས་ཤུགས་ཡོད་རྒུ”འདོན་པའི་རྣམ་པ་བསྐྲུན་པ། “ཕྱོགས་བཞིར་ཐོན་པའི”མྱུར་སྐྱེལ་དང་མེ་ཐོན་མྱུར་སྐྱེལ་གང་སར་ཐོན་པའི་ཁྱད་ཆོས་གང་ལེགས་སྤྱད་དེ། “རྒྱལ་ཡོངས་ཀྱི་དུག་འགོག་དཔེ་སྟོན་གྲོང་ཁྱེར་འཛུགས་པའི”དྲིལ་སྒྲོག་སྦྱར་ཡིག་གང་སར་བཀྲམ་ནས། དཔེ་སྟོན་གསར་གཏོད་ཀྱི་དྲིལ་སྒྲོག་བྱེད་སྒོ་སྤེལ་ཏེ། མང་ཚོགས་ལ་དུག་རྫས་སྔོན་འགོག་ལ་མཐོང་ཆེན་དང་དུག་རྫས་ལ་དོགས་ཟོན་བྱས་ཏེ། ཐུན་མོང་སྒོས་དུག་འགོག་དཔེ་སྟོན་གྲོང་ཁྱེར་འཛུགས་པར་དྲན་སྐུལ་བྱས། ། 

གང་སར་མེ་ཏོག་བཞད་པ་དང་ནུས་སྟོབས་ལྡན་པའི་སྒོ་ནས“མི་ཚང་མར་ལོངས་སུ་སྤྱོད་པའི”རྣམ་པ་བསྐྲུན་པ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རྩ་འཛུགས་མི་སྣས་དུག་འགོག་དཔེ་སྟོན་གྲོང་ཁྱེར་གསར་སྐྲུན་བྱེད་པའི་བརྡ་སྦྱོར་སློབ་གྲྭ་དང་ཐང་ཆེན། རླངས་འཁོར་འབབ་ཚུགས། སྡེ་ཁུལ། ཚོང་ར། མགྲོན་ཁང་སོགས་སྤྱི་པའི་རོལ་རྩེད་བྱ་ཡུལ་དང་མི་མང་ཚོགས་སར་སྦྱར་ནས། དཔེ་སྟོན་གསར་གཏོད་བྱ་སྤྱོད་དེ་མི་སེམས་སུ་ཟུག་པར་བྱས། མིག་སྔའི་བར། “རྒྱལ་ཡོངས་ཀྱི་དུག་འགོག་དཔེ་སྟོན་གྲོང་ཁྱེར་བསྐྲུན་པའི”དྲིལ་སྒྲོག་སྟོད་གོས800ལྷག་ཙམ་བྱིན་པ་དང་། དུག་འགོག་དཔེ་སྟོན་གྲོང་ཁྱེར་བསྐྲུན་པའི་བརྡ་སྦྱོར5000ལྷག་ཙམ་སྦྱར། དུག་འགོག་ཤེས་བྱའི་དྲིལ་སྒྲོག་དེབ་ཆུང8000ལྷག་ཙམ་བཀྲམས།  །

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།