ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་གཅིག”སྐབས་སུ་ཟི་ལིང་གི་ལས་དོན་ལས་ཁུངས43དུ་གནས་སྐབས་ཀྱི་རླངས་འཁོར་འཇོག་ས་བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་སྡོད་དམངས་ལ་སྟབས་བདེ་མཁོ་འདོན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ​རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་ལྟར་ན། “ལྔ་གཅིག”སྐབས་སུ། རླངས་འཁོར་འཇོག་སའི་དགོས་མཁོ་བསྟུད་མར་འཕར་བ་དང་བསྟུན་ནས། ཟི་ལིང་གྲོང་ཁྱེར་གྱིས་ཧུར་ཐག་གིས་གྲོང་ཁྱེར་ནང་ཁུལ་གྱི་ལས་དོན་ལས་ཁུངས་ཀྱི་གནས་སྐབས་རླངས་འཁོར་འཇོག་ས“སྒོ་འབྱེད་ཐུབ་པ་ཡོངས་སུ་སྒོ་འབྱེད་པའི”གྲོས་གཞི་བཏོན་ནས། སྤྱི་བའི་གནས་སྐབས་ཀྱི་རླངས་འཁོར་འཇོག་ས་ཚང་མ་རིན་མེད་ངང་སྒོ་ཕྱེས་ཏེ་དམངས་ལ་སྟབས་བདེའི་བྱེད་ཐབས་བཏོན་པ་དང་། གྲོང་ཁྱེར་ནང་ཁུལ་གྱི་ལྗོངས་ཁུལ་དང་། ཚོང་ལས་ཁུལ། རིག་གནས་དངོས་མང་བཤམས་སྟོན་ཁང་། སྤྱི་གླིང་སོགས་ཉེ་འགྲམ་གྱི་ལས་ཁུངས43རིན་མེད་ངང་སྒོ་ཕྱེས་ནས། རླངས་འཁོར་འཇོག་ས4832མཁོ་འདོན་བྱས་པ་དང་། ཁྱོན་རླངས་འཁོར་འཇོག་ཐེངས22000བཞག་ཅིང་། ཚད་གཞི་ངེས་ཅན་སྟེང་ནས་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཞི་འཇགས་སུ་བཏང་། 

གྲོང་ཁྱེར་སྡོད་དམངས་ཡུལ་སྐོར་བར་འགྲོ་འོང་སྟབས་བདེ་སྐྲུན་ཆེད། “ལྔ་གཅིག”སྐབས་སུ། ཟི་ལིང་གྲོང་ཁྱེར་གྱིས་དོན་དངོས་ལ་རྐང་བཙུགས་ཏེ། གྲོང་ཁྱེར་ཡོངས་ཀྱི་གཅིག་གྱུར་དོ་དམ་བྱེད་པའི་སྤྱི་བའི་གནས་སྐབས་ཀྱི་རླངས་འཁོར་འཇོག་ས544དང་། རིན་མེད་རླངས་འཁོར་འཇོག་གནས28618ལག་བསྟར་བྱས་པ་དང་། ཉིན་རེའི་རླངས་འཁོར་འདུག་ཚད་97%ལ་སླེབས་པ་དང་། ཁྱོན་རླངས་འཁོར105570བཞག དེའི་ཁྲོད། ཟི་ལིང་གྲོང་ཁྱེར་མི་དམངས་སྤྱི་གླིང་དང་བཞི་མདོ། ནུབ་མཚོ་ལམ་ཟས་མཆོག་སྲང་ལམ། ཞ་ནན་ཀོན་སྲང་ལམ་སོགས་ལྗོངས་ཁུལ་གྱི་སྤྱི་གླིང་དང་། ཚོང་ལས་ཁུལ། དྲ་གྲགས་སྲང་ལམ་ཁུལ་གྱི་ཉེ་འཁོར་གྱི་གནས36དུ་སྤྱི་བའི་གནས་སྐབས་རླངས་འཁོར་འཇོག་ས་1115བཀོད་སྒྲིག་བྱས་པ་དང་། རླངས་འཁོར་འཇོག་ཚད99%ལ་སླེབས། ཁྱོན་རླངས་འཁོར14350བཞག ཤེས་གསལ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་བའི་རླངས་འཁོར་འཇོག་ས་སྡེབ་སྒྲིག་བྱས་པ་དང་། གཞིས་ཁུལ་རྙིང་བ་བཟོ་བཅོས། བགྲོད་ལམ་གཞུང་ལམ་ཇེ་ལེགས་སུ་གཏོང་བ། ཐང་ཆེན་ལྗང་བསྒྱུར་སོགས་བྱེད་ཐབས་ལ་བརྟེན་ནས། གནས13དུ་སྤྱི་བའི་གནས་སྐབས་རླངས་འཁོར་འདུག་གནས3000གསར་དུ་ཁ་སྣོན་བྱས། །

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།