ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ལག་རྩལ་རྒྱལ་ཡོངས་ཀྱི་གར་སྟེགས་སུ་མངོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།


མཚོ་སྔོན་གྱི་འགྲན་ཞུགས་པས་ས་གདན་འཐག་བཞིན་པ། 

མཚོ་སྔོན་གྱི་འགྲན་ཞུགས་པས་ཐང་ཁ་འབྲི་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས8ཉིན། རྒྱལ་ཡོངས་གྲོང་གསེབ་དར་སྤེལ་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་ཀུའེ་དབྱང་རྒྱལ་སྤྱིའི་གྲོས་ཚོགས་འགྲེམས་སྟོན་ལྟེ་གནས་སུ་འཚོགས་པ་དང་། མཚོ་སྔོན་འཐུས་ཚབ་ཚོགས་པ་ངོ་མཚར་ཆེ་བའི་སྒོ་ནས་མགོ་ཚུགས་མཛད་སྒོར་ཞུགས། ཐེངས་འདིའི་འགྲན་བསྡུར་དུས་ཡུན་ཉིན་གསུམ་ཡིན་པ་དང་། རྒྱལ་ཡོངས་ཀྱི་བདམས་ཐོན་པ701འགྲན་བསྡུར་ནང་ཞུགས། འགྲན་ཞུགས་པ་རྣམས་སློབ་འབྲིང་དང་སློབ་ཆེན། ཞིབ་འཇུག་སློབ་མ་སོགས་རེད། མཚོ་སྔོན་གྱི་བདམས་ཐོན་པ21བྱིས་པའི་གསོ་སྐྱོང་དང་ཞིང་ལས་འཕྲུལ་ཆས་ཞིག་གསོ། ཇ་རྩལ་སོགས་འགྲན་བསྡུར་ནང་ཞུགས་པར་མ་ཟད། ལག་ཤེས་པ8གྲོང་གསེབ་ཀྱི་ལག་ཤེས་རྩལ་ནུས་འགྲེམས་སྟོན་སྤེལ་རེས་བྱེད་སྒོའི་ནང་ཞུགས་པ་རེད། །

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ་ཡིས་བསྒྱུར།