ཀྲུང་གོ་བོད་ཀྱི་དྲ་བ།

མི་རིགས་སྲོལ་རྒྱུན་གྱི་མདའ་འཕེན་འགྲན་བསྡུར་སྐབས་དང་པོ་མི་འགྱངས་པར་མགོ་རྩོམ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས8ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་རིག་རྩལ་ཡུལ་སྐོར་དང་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་ཤེས་གསལ་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱི་སྐབས་དང་པོའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་འགྲན་བསྡུར་དེ་ཟླ5བའི་ཚེས21ནས་ཚེས22ཉིན་བར། དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ཆུ་འཁོར་ཁུལ་གསར་དུ་སྤེལ་རྒྱུ་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཆུས་དང་རྫོང་སོ་སོ་ནས་ཡོང་བའི་འཐུས་མི་རུ་ཁག72དང་། ལུས་རྩལ་པ792འགྲན་བསྡུར་ནང་ཞུགས་རྒྱུ་རེད། 

ཐེངས་འདིའི་མདའ་རྩལ་འགྲན་བསྡུར་དེ་དཔའ་ལུང་རྫོང་ཨུ་དང་རྫོང་སྲིད་གཞུང་། མཚོ་ཤར་གྲོང་ཁྱེར་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་གཉེར་བྱས་པ་དང་། དཔའ་ལུང་རྫོང་ལུས་རྩལ་ཡུལ་སྐོར་ཅུའུ་ཡིས་གཉེར་འགན་འཁུར། 《མཚོ་ཤར་གྲོང་ཁྱེར་དམངས་ཡོངས་ལུས་སྦྱོང་ལག་བསྟར་འཆར་གཞི(2021ལོ་ནས2025ལོའི་བར)》དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་རྫོང་ཁོངས་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་། ། 

མདའ་འཕེན་འགྲན་བསྡུར་ནང་ལུས་རྩལ་རིག་གནས་འདུས་ལ་དམངས་སྲོལ་རིག་གནས་ཀྱང་འདུས་པས། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་ཚོགས་སུ་བཏང་སྟེ། མི་རིགས་སོ་སོའི་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ལྡན། །

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།