ཀྲུང་གོ་བོད་ཀྱི་དྲ་བ།

སྤུས་ཚད་མཐོ་བའི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྒྲུབས་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ(ཞིང་ཆེན་སྲིད་འཛིན་སློབ་གླིང)ཡིས་འགན་སྒྲུབ་བྱས་པའི་སྤུས་ཚད་མཐོ་བའི་སྒོ་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་བསྒྲུབས་མགོ་བརྩམས་ཤིང་། ཞིང་ཆེན་ཐད་གཏོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། འབྲེལ་ཡོད་གྲོང་ཁྱེར(ཁུལ)རྫོང(གྲོང་ཁྱེར་དང་ཆུས)སྲིད་གཞུང་གི་འགན་ཁུར་བློ་མཐུན་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞིའི་འགན་ཁྱེར་ལས་བྱེད་པ། འབྲེལ་ཡོད་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་བཅས་ཁྱོན་མི24ལ་གསོ་སྦྱོང་དང་ལེན་བྱས། 

སྐབས་འདིའི་གསོ་སྦྱོང་དུས་ཡུན་ཉིན5ཡིན་པ་དང་། སློབ་ཁང་སློབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད་གཉིས་ཟུང་འབྲེལ་དང་། སློབ་ཁྲིད་དང་དཔེ་མཚོན་འཇོག་པ། བརྙན་རིས་སློབ་ཁྲིད། འཛིན་གྲྭའི་བགྲོ་གླེང་དང་། ཡུལ་དངོས་སློབ་ཁྲིད་སོགས་ཀྱི་སློབ་ཁྲིད་རྣམ་པས་སློབ་ཁྲིད་བྱ་འགུལ་སྤེལ། གསོ་སྦྱོང་གི་ནང་དོན་ལ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན། ཏང་གི་ལོ་རྒྱུས་ཏང་གཤིས་སློབ་གསོ། ལས་བྱེད་པའི་ནུས་ཤུགས་གསོ་སྦྱོང་མཐོར་འདེགས་བཅས་ཚན་པ་གསུམ་ཡོད། སློབ་ཁྲིད་ནང་དོན་སྐོར་ལ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས་མགྱོགས་མྱུར་ངང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི“གནས་བཞི”འཛུགས་སྐྲུན་ཐད་ཀྱི་བླང་བྱ་གལ་ཆེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ཏེ། མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མགྱོགས་མྱུར་ངང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་གྱིས་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་སྣེ་ཁྲིད་དང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་སོགས་འཛུགས་སྐྲུན་ལ་གཞོགས་འདེགས་བྱེད་པ་བཅས་ཡིན། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་གདན་དྲངས་ནས་ཆེད་དོན་སློབ་ཁྲིད་བྱས། དུས་མཚུངས་སུ། རང་ཞིང་གི་ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་སྒོས། རྒྱལ་སྤྱི་ཅན་གྱི་མཐོང་སྣེས་ཚྭ་མཚོའི་ཐོན་ལས་འཛུགས་སྐྲུན་རྒྱལ་སྤྱི་ཅན་དང་། ཚད་ལྡན་ཅན་སོགས་དང་དམ་དུ་འབྲེལ་ཏེ་བརྗེ་རེས་བགྲོ་གླེང་བྱས། 

སློབ་སྦྱོང་གསོ་སྦྱོང་བྱས་པ་བརྒྱུད། སློབ་མའི་སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གལ་ཆེན་རང་བཞིན་གྱི་ངེས་ཤེས་མཐོར་འདེགས་ལ་ཁྲིད་སྟོན་བྱས་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་བསམ་ཕྱོགས་དག་པར་བྱས་ཏེ། ལས་བྱེད་པའི་དཔུང་ཁག་གི་ཆེད་ལས་སྤུས་ཚད་དང་བྱ་བའི་ནུས་ཤུགས་མཐོར་འདེགས་སུ་བཏང་ནས། སྤུས་ཚད་མཐོ་བའི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་གསར་སྐྲུན་བྱ་རྒྱུ་རེད། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།