ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན“གཙང་གསུམ་བཅོས་གསུམ”ལས་དོན་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན“གཙང་གསུམ་བཅོས་གསུམ”ལས་དོན་ཚོགས་འདུ་ཟི་ལིང་ནས་འཚོགས། ཚོགས་ཐོག་ནས་རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་པ་དང་། ལས་དོན་སྤེལ་བའི་གནས་ཚུལ་ལ་སྤྱི་སྡོམ་བྱས་ནས། གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་རྒྱལ་གཅེས་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཧུའུ་ལོས་ཁྲུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཚོགས་ཐོག་ནས། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་ནན་ཏན་བྱས་པ་དང་། ལས་དོན་ལམ་སྲོལ་མུ་མཐུད་དུ་འཐུས་ཚང་དུ་བཏང་བ། གསར་གཏོད་ནང་དོན་ཐེག་བྱེད་ཕུན་སུམ་ཚོགས་པར་བཏང་བ། རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་ལ་སྐུལ་འདེད་ཟབ་མོ་བཏང་། སྤྱི་པའི་འཕྲོད་བསྟེན་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་བཅོས་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། བདེ་ཐང་མཚོ་སྔོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཆེད་དུ་ནུས་པ་གལ་ཆེན་བཏོན་པ་དང་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས་ཞེས་བསྟན།

ཚོགས་ཐོག་ནས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ངེས་པ་དོན་གྱིས་ལངས་གནས་མཐོར་འདེགས་པ་དང་ངོས་ཟིན་ཟབ་མོར་གཏོང་བ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་དང་གྲོང་གསེབ་འཛུགས་སྐྲུན་གྱི“གཙང་གསུམ་བཅོས་གསུམ”ལས་དོན་གྱི་ཚན་རིག་དང་མཐུན་པའི་ནང་དོན་ཡང་དག་པར་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ཏུ་བསྟར་བ། རང་འགུལ་གྱིས་བྱས་རྗེས་ཡོད་པར་བརྩོན་པ། རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་དམངས་ཡོངས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྣམ་པ་གསར་པ་གསར་དུ་འབྱེད་དགོས། གཙོ་གནད་འབུར་དུ་དོད་པ་དང་འགན་འཁྲི་གསལ་པོར་བཟོ་བ། གཙོ་གནད་དང་དཀའ་གནད་གནད་དོན་ཐག་གཅོད་ལ་འབད་པ། མཁར་ཤང་ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་ལ་བརྩོན་པ། ཁོར་ཡུག་འཕྲོད་བསྟེན་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། གསང་སྤྱོད་གསར་བརྗེ་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། འཕྲོད་བསྟེན་གསར་སྐྲུན་བྱེད་སྒོ་མུ་མཐུད་དུ་སྤེལ་བ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཆ་སྙོམ་ཅན་ལ་སྐུལ་འདེད་གཏོང་བ། བདེ་ཐང་མཚོ་སྔོན་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱེད་པ། “གཙང་གསུམ་བཅོས་གསུམ”ནན་འཛིན་བྱས་ཏེ། རབ་མཛེས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། མང་ཚོགས་རྒྱ་ཁྱབ་ཏུ་སྐུལ་སློང་བྱེད་པ། བརྟག་བཤེར་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ། ལས་དོན་འདུས་ཤུགས་ཆགས་པར་བྱས་ཏེ། རྒྱལ་གཅེས་འཕྲོད་བསྟེན་དང་རབ་མཛེས་གྲོང་གསེབ་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།