ཀྲུང་གོ་བོད་ཀྱི་དྲ་བ།

རྐང་ཚ་རྫོང་གིས2024ལོར་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་རྒྱ་སྐྱེད་པའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ལས་དོན་གཙོར་བྱས་ནས་བྱེད་ཐབས་མང་པོ་སྤྱད་དེ།“ཞུགས་དགོས་པ་ཚང་མ་ཞུགས་པར”མངོན་འགྱུར་བྱས་ཏེ་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འགན་སྲུང་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་སྲིད་ཇུས་ཀྱི་དམངས་ཕན་ནུས་པ་འདོན་སྤེལ་བྱས། མིག་སྔར2024ལོར་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་རྒྱ་སྐྱེད་པའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། དེའི་ནང་ལས་བཟོ་བ5222འགན་བཅོལ་ནང་ཞུགས་པ་དང་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི103.7%ལེགས་འགྲུབ་བྱུང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི35829འགན་བཅོལ་ནང་ཞུགས་པ་དང་། ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི101.6%ལེགས་འགྲུབ་བྱུང་། 

ལོ་འགོར་སྨན་བཅོས་འགན་བཅོལ་ལས་དོན་ཚོགས་འདུ་རྩ་འཛུགས་བྱས་ནས། ཤང་དང་གྲོང་རྡལ་སོ་སོ་དང་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་སྟེ2024ལོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་རྒྱ་སྐྱེད་ཀྱི་བསྡུ་ལེན་ལས་དོན་བཀོད་སྒྲིག་བྱས་པ་མ་ཟད། དུས་བཅད་ལྟར་བརྡ་ཁྱབ་གཏོང་བ་དང་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། ཤང་དང་གྲོང་རྡལ་སོ་ོསོས་ལོ་འཁོར་གྱི་འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་རྒྱ་སྐྱེད་ཀྱི་ལས་འགན་སྔ་མོ་ནས་ལེགས་འགྲུབ་ཡོང་བར་སྐུལ་འདེད་བཏང་།

སྨན་བཅོས་འགན་བཅོལ་གཉེར་སྐྱོང་མི་སྣའི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་སྤེལ་ནས་འགན་བཅོལ་ནང་ཞུགས་པའི་སྲིད་ཇུས་གསལ་པོ་འགྲེལ་བཤད་བྱས་པ་དང་། དྲིལ་བསྒྲགས་ཀྱི་ཁ་ཚད་གཅིག་གྱུར་བྱེད་པ། བསྡུ་ལེན་གྱི་ལས་སྒོ་ཚད་ལྡན་དུ་གཏོང་བ་བཅས་དང་། དངུལ་སྤྲོད་དུས་ཚོད་དང་དངུལ་སྤྲོད་ཚད་གཞི། འགན་བཅོལ་བྱ་ཡུལ། བསྡུ་ལེན་བྱེད་སྟངས། སྲིད་ཇུས་འགན་སྲུང་། ཆ་འཕྲིན་ཞིབ་བསྡུར་སོགས་ཀྱི་ནང་དོན་ཁ་གསལ་བྱས་ཏེ། སྔར་ལས་ལྷག་པར་ཤང་གྲོང་དང་སྡེ་བ(སྡེ་ཁུལ)སོ་སོའི་སྨན་བཅོས་འགན་བཅོལ་ཆེད་ལས་ཀྱི་བྱ་བའི་ནུས་པ་ཆེ་རུ་གཏོང་བ་དང་། མིག་སྔའི་བར་བྱ་བའི་གསོ་སྦྱོང་སོ་སོ་བསྡོམས་པས་ཐེངས4ལ་སྤེལ་བ་རེད། 

སྨན་བཅོས་འགན་བཅོལ་དང་སྤྱི་བདེ། དམངས་སྲིད་དང་འཕྲོད་བསྟེན་བདེ་ཐང། ཁྲལ་དོན། སློབ་གསོ། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། གྲོང་གསེབ་དར་སྤེལ་སོགས་སྡེ་ཁག་གི་གྲངས་གཞི་མཉམ་སྤྱོད་ལ་ཤུགས་བསྣན་ནས། མི་སྣའི་ཆ་འཕྲིན་བསྡུར་བ་ལ་ཤུགས་བསྣན་ནས་བྱིས་པ་དམར་འབྱར་དང་སློབ་མའི་ཚོགས་པ། སྨན་བཅོས་འགན་བཅོལ་རོགས་སྐྱོར་བྱ་ཡུལ་བཅས་ཀྱི་འགན་བཅོལ་ནང་ཞུགས་པའི་གནས་ཚུལ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཏེ། དཀའ་ངལ་ཆེ་པའི་མི་སྣ་དང་མ་མཐའི་འཚོ་བའི་འགན་བཅོལ་བྱ་ཡུལ་། དབུལ་པོར་ལོག་རྒྱུ་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་བྱ་ཡུལ། གཙོ་གནད་གཟིགས་སྐྱོང་བྱ་ཡུལ། དྭ་ཕྲུག་དང་དབང་བོ་སྐྱོན་ཅན་ཚབས་ཆེན་སོགས་དམིགས་བསལ་ཚོགས་སྤྱིའི་ཐོབ་ཐང་ངོས་འཛིན་དང་། འགུལ་རྣམ་སྲུང་སྐྱོང་སོགས་ཀྱི་ལས་དོན་ལག་བསྟར་ལེགས་པོ་བྱས་ནས་འགན་བཅོལ་ནང་ཞུགས་དགོས་པ་ངེས་པར་ཏུ་ཞུགས་པ་དང་། འགན་བཅོལ་ཐོབ་དགོས་པ་ངེས་པར་འགན་བཅོལ་བྱེད་པ་བཅས་མི་གཅིག་ཀྱང་མི་ལུས་པར་བྱ་རྒྱུ་རེད། །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།