ཀྲུང་གོ་བོད་ཀྱི་དྲ་བ།

ན་གོར་མོའི་བཙོ་སྦྱངས་ཀྱིས་སྟོབས་ཤུགས་ཡོད་རྒུས་ལྗང་མདོག་ཐཱན་ཉུང་རྣམ་བསྒྱུར་རིམ་འཕར་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཟླ་སྨད་དུ། ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་སི་ན་གོར་མོ་བཙོ་སྦྱངས་བཟོ་གྲྭའི་ཏུན་ཁྲི་སྟོང་ཅན་གྱི་སྟུག་ཚད་དམའ་བའི་དབྱང་གཉིས་ཐཱན་བཟོ་ལས་སྐོར་རིམ་གསུམ་པའི་ཚོད་ལྟ་བདེ་བླག་ངང་ལས་མགོ་བརྩམས་ཤིང་། མགྱོགས་མྱུར་ངང་དབྱང་གཉིས་ཐཱན་བེད་སྤྱོད་གསར་སྐྲུན་དཔེ་སྟོན་བཟོ་སྐྲུན་ཡིན་པའི་ཆ་ནས། མཚོ་སྔོན་སྣུམ་ཞིང་གིས་སྟོབས་ཤུགས་ཡོད་རྒུས་ལྗང་མདོག་ཐཱན་ཉུང་རྣམ་བསྒྱུར་རིམ་འཕར་ཐད་གོམ་པ་གསར་བ་སྤོས། 

མཚོ་སྔོན་སྣུམ་ཞིང་གིས་དུས་ཚིགས་དང་པོར་ཁྱོན་རླངས་སྣུམ་ཐོན་སྐྱེད་དེ་ན་ནིང་གི་དུས་མཉམ་ལས་ཏུན་ཁྲི0.32འཕར་བ་དང་། ཁྱོན་ཁྲའེ་སྣུམ་ཐོན་སྐྱེད་དེ་ན་ནིང་གི་དུས་མཉམ་ལས་ཏུན་ཁྲི1.12འཕར། ཁྲའེ་སྣུམ་སྟེང་ཆིང་སྒྲིག་ཆས་སྒྲིག་འཇུག་བདེ་བླག་ངང་མཁའ་བསྐྱོད་ངེས་ལེན་ཐོབ་སྟེ། དམངས་སྤྱོད་མཁའ་འགྲུལ་ངེས་ལེན་སྒྲིག་འཇུག་གཉིས་པར་གྱུར། 

མཚོ་སྔོན་ན་གོར་མོའི་བཙོ་སྦྱངས་གིས་མུ་མཐུད་ནས་སྣུམ་གྱི་སྤུས་ཚད་འགན་སྲུང་ནུས་ཤུགས་མཐོར་འདེགས་སུ་བཏང་བ་དང་། ཉེ་བའི་ལོ་ཤས་རིང་གནས་པའི“བཙོ་སྦྱངས་ལས་གཉེར་གཞི་ཁྱོན་མི་འདང་བ་དང་། ཐོན་རྫས་སྒྲིག་གཞི་ལྟོས་བཅས་ཀྱི་ཆིག་རྐྱང”ཡིན་པའི་གནད་དོན་འབུར་ཐོན་ལ་དམིགས་ཏེ། འཐབ་ཕྱོགས་གཉིས་རྒྱུན་འཁྱོངས་དང་། མགྱོགས་མྱུར་ངང་མཚོ་སྔོན་ན་གོར་མོའི་བཙོ་སྦྱངས་རིམ་འཕར་བཟོ་སྐྲུན་གྱི་དུས་རིམ་སྔོན་མའི་བྱ་བ་མགྱོགས་སུ་བཏང་བ་དང་། ད་ལྟའི་བར་དུ། རྫས་འགྱུར་རྒྱུ་ཆ་གསར་བའི་ཀུང་སིའི་ཐོག་མའི་ཞིབ་འཇུག་ཞིབ་བཤེར་ལེགས་འགྲུབ་བྱས་པ་དང་། ཐོག་མའི་ཞིབ་བཤེར་བསམ་འཆར་འཐུས་ཚང་དང་ཟུང་འབྲེལ་སྒོས་རྒྱུ་ཆ་དག་ཡར་སྤྲད་དེ་ཡང་བསྐྱར་ཞིབ་བཤེར་བྱས། །

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།