ཀྲུང་གོ་བོད་ཀྱི་དྲ་བ།

ན་གོར་མོ་གྲོང་ཁྱེར་གྱིས་མུ་མཐུད་ནས་སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་གཞི་རིམ་རྩ་འཛུགས་ལ་ཤུགས་སྣོན་དང་། ཏང་ཡོན་སློབ་གསོར་དམ་འཛིན། རོགས་རམ་འགན་འཁྲི་གཟབ་ནན་ཐད་ཤུགས་བསྣན་ཏེ། སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱས། 

རྩ་འཛུགས་འཛུགས་སྐྲུན་ཤུགས་དྲག་ཏུ་བཏང་ནས། གཞི་རིམ་གྱི་དྲ་བ་སྲ་བརྟན་དུ་བཏང་། སྡེ་བའི“སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང”གི་ཁོངས་མིའི་ཐོབ་ཐང་མཉམ་འབྲེལ་ཞིབ་བཤེར་དང་། སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅིའི་ཐོ་འགོད་དོ་དམ་སྒྲིག་སྲོལ་གཟབ་ནན་སྒོས་དོན་འཁྱོལ་དང་། སྡེ་བ210ཡི“སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང”གི་མི་སྒེར་གྱི་ཡིག་ཚགས་འཐུས་ཚང་དུ་གཏོང་བ། སྡེ་བ་རིམ་པའི་གཞོགས་འདེགས་ལས་བྱེད་པ230གསོག་ཉར་བྱས། སྡེ་བའི་ཏང་ཀྲི་པུའུ་མི་ལེགས་པ2རྩད་ཞིབ་གཏན་ཁེལ་བྱས་ཏེ། “བཅོས་སྐྱོང་རྩིས་ཐོ”སྒྲིག་བཟོ་བྱེད་པ་དང་། དུས་ལྟར་བཅོས་སྐྱོང་བསྒྱུར་བཅོས་ལེགས་འགྲུབ་བྱས། “འཇོན་མི་ཚན་པ30”བྱེད་ཐབས་ལ་རྐང་བཙུགས་ཏེ། ཧྭ་ནན་ཞིང་ལས་སློབ་ཆེན་གྱི་ལག་རྩལ་ཚོགས་པའི་མི4དང་། ཞིང་ཆེན་ཞིང་ལས་ནགས་ལས་ཚན་རིག་གླིང་ཚན་རྩལ་ཆེད་མངགས་པ10ནང་འདྲེན་བྱས་ཏེ། “ཞིང་ལས་ཚན་རྩལ་འཇོན་མི་དང་ལས་གཞི། རྟེན་གཞི”རྣམ་པས། གནད་ཁེལ་ལས་གཉེར་གསོ་སྦྱོང་བྱས།

སློབ་སྦྱོང་སློབ་གསོ་དམ་འཛིན་དང་། ནུས་ཤུགས་ཆུ་ཚད་མཐོར་འདེགས་སུ་བཏང་། སྡེ་བ44ལ《ཏང་ཀྲི་པུའུ་ཡི་ལས་སྒྲུབ་ལག་དེབ》སྡེབ་སྒྲིག་བྱས་པ་དང་། “ཚོགས་འདུ་གསུམ་སློབ་ཁྲིད་གཅིག”དང་བརྗོད་དོན་ཏང་གི་ཉིན་མོ་སོགས་སྒྲིག་སྲོལ་ཚད་ལྡན་དུ་བཏང་བ། “རས་གུར་སློབ་ཁང”དང“རྟ་རྒྱབ་སློབ་ཁང”སོགས་གསར་བརྗེའི་བསྐོར་བསྐྱོད་ཏང་གི་སློབ་ཁྲིད་སྒྲིག་བཀོད་བྱས་ནས། རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་། ཏང་ཀྲི་པུའུ་ཧྲུའུ་ཅིའི་ནུས་ཤུགས་མཐོར་འདེགས་བཟོ་སྐྲུན་རྩ་འཛུགས་དང་། ཏང་ཡོན་ཏང་གི་སློབ་གྲྭར་སོང་ནས་གཅིག་བསྡུས་སྒོས་གསོ་སྦྱོང་སོགས་སྐབས19ཡི་མི་ཐེངས276སྤེལ་བ་དང་། རོང་འབྲོག་དམངས་ཀྱི“དགུན་དཔྱིད་གསོ་སྦྱོང”ཚོགས་ར56ཡི་མི765སྤེལ་བ། སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅི44སྡེབ་སྒྲིག་གསོ་སྦྱོང་བྱས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་བཏང་། 

རོགས་རམ་འགན་འཁྲི་གཟབ་ནན་དུ་བཏང་ནས། སྤུས་ཚད་མཐོར་འདེགས་ལ་སྐུལ་འདེད་བཏང་། སྤུས་ཚད་བཟང་བ་དང་རིག་གནས་ཚད་གཞི་མཐོ་བའི་ཏང་ཡོན་57སྡེ་སྡོད་ལས་བྱེད་པར་མངགས་པ་དང་། རྩ་འཛུགས་འཚོ་བ་ཚད་ལྡན་དང་། ལས་དོན་དོ་དམ་སོགས་ཇེ་ལེགས་སུ་བཏང་སྟེ། སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་འཐབ་རྩོད་ནུས་ཤུགས་མཐོར་འདེགས་སུ་བཏང་། “མཉམ་འབྲེལ་གཅིག་དང་རོགས་རམ་གཉིས”ཀྱི་ཟླ་ཕྱེད་སྡེབ་སྒྲིག་སྒྲིག་སྲོལ་སྒྲིག་འཛུགས་བྱས་ཏེ། “མཉམ་འབྲེལ་གཅིག་དང་རོགས་རམ་གཉིས”ཀྱི་བྱ་བའི་ལས་འགན་གཟབ་ནན་དུ་བཏང་ནས། བྱ་འགུལ་ཐེངས75ལ་སྤེལ་བ་དང་། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་ལས་དོན་སྣ130ཐག་གཅོད་བྱས། ཀྲུང་དབྱང་གི་ནོར་སྲིད་ཁ་གསབ་མ་དངུལ་བརྩོན་ལེན་དང་། ཞི་ཚུན་སྡེ་བའི་ཁུག་མའི་ལས་བསྣོན་བཟོ་གྲྭ་གསོ་སྐྱོང་དང་། ཞའོ་ཏའོ་སྡེ་བའི་ཆུ་ཐོན་སྐྱེད། འབྲི་ཆུའི་མགོ་ཁུངས་སྡེ་བའི་དམངས་སྲོལ་རྒྱུད་འཛིན་རྟེན་གཞི་སོགས་སྡེ་ལས་སྒྲུབ་དངོས་ཕུང་ལ་རོགས་སྐྱོར་བྱས།   །

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།