ཀྲུང་གོ་བོད་ཀྱི་དྲ་བ།

“ལྔ་གཅིག”གུང་གསེང་སྐབས་སུ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི7.27སྣེ་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལྔ་གཅིག”གུང་གསེང་སྐབས་སུ་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི7.27སྣེ་ལེན་བྱས་པ་དང། དུས་མཚུངས་ལས2.5%འཕར་ཡོད། 

གུང་གསེང་སྐབས་སུ་ཡུལ་སྐོར་བར་སྣེ་ལེན་ཡག་པོ་བྱ་ཆེད། མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོའི་ཡུལ་སྐོར་སྡེ་ཚོགས་ཚད་ཡོད་ཀུང་སིས་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་འགན་ལེན་བྱ་རྒྱུ་གཙོ་བོར་བཟུང་ནས། སྔ་མོ་ནས་བཀོད་སྒྲིག་བྱས་ཏེ་བདེ་འཇགས་ཐོན་སྐྱེད་དང་ཁོར་ཡུག་འཕྲོད་བསྟེན། ཞབས་ཞུའི་སྤུས་ཚད། ལས་རིགས་རྣམ་གྲངས་དང་འཕྲལ་བསྟུན་སྔོན་ཇུས་སོགས་ཀྱི་བཀོད་སྒྲིག་བཟང་པོ་བྱས། དེ་དང་ཆབས་ཅིག སྤྱི་བདེ་དང་འགྲིམ་འགྲུལ་ཉེན་རྟོག་པ། སྨན་ཁང་སོགས་ཀྱི་སྡེ་ཁག་དང་མཉམ་ལས་མཉམ་འགུལ་ལ་ཤུགས་བསྣན་ནས། བདེ་འཇགས་ཞིབ་བཤེར་དང་འགྲིམ་འགྲུལ་ཤར་གཏོང་འགན་ལེན། མེ་ཟོན་གྲལ་བཤེར། སྨན་བཅོས་རོགས་སྐྱོབ། སྒྲིག་ལམ་སྲུང་སྐྱོང་སོགས་ཀྱི་ལས་དོན་སྤེལ་ནས་རྒྱ་ཆེའི་ཡུལ་སྐོར་བར་གོ་རིམ་ལྡན་པའི་ངང་བདེ་འཇགས་དང་དཔལ་ཡོན། འཆམ་མཐུན་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན། ། 

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།