ཀྲུང་གོ་བོད་ཀྱི་དྲ་བ།

ཏ་ཐུང་རྫོང་གིས་དཔྱད་ཞིབ་ལ་བརྟེན་ནས་ལས་བྱེད་པའི་འགན་འཁྲི་འཁུར་ཕོད་པར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་དཔྱད་ཞིབ་དང་སྐུལ་ལྕག་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དུས་ཚིགས་ཀྱི་དཔྱད་ཞིབ་བྱ་ཐབས་བཟོས་ཏེ་རྒྱུན་ལྡན་གྱི་དཔྱད་ཞིབ་བརྒྱུད་དེ་རིམ་པ་སོ་སོའི་ལས་བྱེད་པས་འགན་འཁུར་ཕོད་པའི་བྱ་སྤྱོད་བཟང་པོ་སྤེལ་བར་སྐུལ་ལྕག་བཏང་། 

དངོས་སྒྲུབ་དངོས་འབྲས་ཀྱི་ཁ་ཕྱོགས་བཟང་པོ་བཙུགས་ནས་དཔྱད་ཞིབ་དང་སྐུལ་སློང་གི་ལམ་སྲོལ་བཙུགས་པ། 《ཏ་ཐུང་རྫོང་དང་རྫོང་དོ་དམ་ཚན་ཁག་དང་རྫོང་དོ་དམ་ལས་བྱེད་པའི་དུས་ཚིགས་དཔྱད་ཞིབ་བྱེད་ཐབས(ཚོད་ལྟའི་བྱ་ཐབས)》བཟོས་ནས། དཔྱད་ཞིབ་བྱེད་སྟངས་དང་དཔྱད་ཞིབ་བརྒྱུད་རིམ། མཇུག་འབྲས་ངོས་འཛིན་སོགས་ཀྱི་རྩ་དོན་ཁ་གསལ་བཟོས། 

ཚད་ལྡན་དཔྱད་ཞིབ་ཀྱི་མིག་དཔེ་བཀོད་འདོམས་བྱས་ནས་རྒྱུན་ལྡན་གྱི་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་ལྕག་བྱས། “ལས་དོན་རེར་དང་དཔྱད་ཞིབ་རེ”ཡི་རྒྱུན་ལྡན་དཔྱད་ཞིབ་བྱས་ནས། ལས་འབྲས་མངོན་གསལ་དོད་པའི་རིགས་ལ་སྐར་མ་སྣོན་པ་དང་། ལས་ཀ་འགོར་འགྱངས་བྱེད་པའི་རིགས་ལ་སྐར་མ་འཐེན་པའམ་ཉེན་བརྡ་བཏང་སྟེ། རིམ་པ་སོ་སོའི་ལས་བྱེད་པའི་ལས་ཀ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཛ་དྲག་དང་དཀའ་ངལ་ཆེ་བའི་འཐབ་ཕྱོགས་དང་པོ་རུ་ཡོད་པའི་ལས་བྱེད་པའི་དཔྱད་ཞིབ་ལ་མཐོང་ཆེན་བྱས་ཏེ། ལས་འབྲས་མངོན་གསལ་ཅན་ལ་ཕུལ་བྱུང་དཔྱད་བསྡུར་བྱེད་སྐབས་སྔོན་ལ་བསམ་གཞིགས་གཏོང་དགོས།   །

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།