ཀྲུང་གོ་བོད་ཀྱི་དྲ་བ།

“ལྔ་གཅིག”གུང་གསེང་སྐབས་སུ་མཚོ་བྱང་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་བརྟན་འཇགས་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“ལྔ་གཅིག”གུང་གསེང་སྐབས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་གནས་དང་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཁོངས་གཏོགས་ཀྱིས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། རིག་གནས་དང་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་ཚོགས་སུ་བཏང་ནས། རིག་གནས་དང་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་བཏང་། བསྡོམས་རྩིས་བྱས་པ་ལྟར་ན། གུང་གསེང་སྐབས་སུ། མཚོ་བྱང་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི7.57སྣེ་ལེན་བྱས་པ་དང་། དུས་མཚུངས་ལས5%འཕར། ཡུལ་སྐོར་ཡོང་འབབ་སྒོར་ཁྲི2784.33ཟིན་པ་དང་། དུས་མཚུངས་ལས14.65%འཕར་ཡོད། 

“ལྔ་གཅིག”གུང་གསེང་སྐབས་སུ་མཚོ་བྱང་ཁུལ་གྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་དང་། “རྒྱལ་ཁབ་སྤྱི་གླིང་གཉིས”ལེགས་པར་བསྐྲུན་ནས། ལྔ་གཅིག་རྟེན་འབྲེལ་དང་ཡུལ་སྐོར་གྱི་དུས་ཚིགས་བསུ་བའི”རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་མ་ཟད། སྤྱི་པའི་རིག་གནས་ཁང་སོ་སོ་རིན་མེད་སྒོས་སྒོ་ཕྱེ་སྟེ། རྟེན་རྫས་བཤམས་སྟོན་ཁང་དང་དཔེ་མཛོད་ཁང་། རིག་གནས་ཁང་བཅས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སོགས་ཀྱི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་ལས་ཕུན་ཚོགས་སུ་བཏང་། ། 

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།