ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་ལས་ཞུགས་ཞིང་ཆེན་བརྒལ་བའི་ལས་གནས་རྒྱ་བསྐྱེད་འཇོན་འགུག་ཉིང་ཞ་རུ་བསྐྱོད་པའི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ང་ཚོས་ཧུར་ཐག་གིས་ཉིང་ཞ་མི་དོན་སྡེ་ཁག་དང་སྦྲེལ་མཐུད་བྱས་པ་དང་། ཉིང་ཞ་མི་དོན་སྡེ་ཁག་དང་སློབ་གླིང་སོ་སོའི་ཞབས་ཞུའི་སྟེགས་བུ་བརྒྱུད་དེ། རང་ཞིང་གི་ལས་ཞུགས་སྲིད་ཇུས་དང་ལས་གནས་བསྡུ་ལེན་བརྡ་འཕྲིན་དྲིལ་སྒྲོག་བྱས་ཏེ། རང་ཞིང་གི་ཁེ་ལས་ཀྱི་འཇོན་འགུག་དང་མཚོ་སྔོན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ཞབས་ཞུ་བྱེད་པར་རྨང་གཞི་བརྟན་པོ་བཏིང་། ”ཟླ5པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣའི་མཚམས་སྦྱོར་བྱས་པ་ལྟར་ན། ད་ལྟ། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རང་ཞིང་གི་གཙོ་གནད་ལས་བཀོལ་ཁེ་ལས་27དང་བྱ་བའི་ལས་གནས1200ལྷག་ཁྱེར་ཏེ། ཉིང་ཞ་རུ་སོང་ནས་རྒྱལ་ཡོངས་འཇོན་མིའི་བརྗེ་རེས་ལྟེ་གནས་དང་། ཉིང་ཞ་མི་དོན་ཐིན་དང་མཉམ་འབྲེལ་སྒོས་སྒྲུབ་པའི“‘ལས་ཞུགས’ཉིང་ཞ་རུ་ཡོད་པ་དང་།  ‘ལས་གནས’ཀྱིས་མ་འོངས་པ་འགུག”པའི2024ལོའི་གྲོང་ཁྱེར་ཆེ་འབྲིང་གི་མཐོ་རིམ་མཐར་ཕྱིན་སློབ་མའི་དཔྱིད་དུས་ཆེད་དོན་བྱ་འགུལ་སྤེལ་བ་དང་། མཚོ་སྔོན་ལིའི་ཧའོ་པན་ཏའོ་གཟུགས་རྒྱུ་ཆའི་ཚད་ཡོད་ཀུང་སི་སོགས་ཞིང་ཆེན་ནང་ཁུལ་གྱི་ལས་སྣོན་ལས་རིགས་དང་། རྫས་འགྱུར་བཟོ་ལས། གློག་རྡུལ་བརྡ་འཕྲིན་ཁྱབ་ཁོངས་ཀྱི་གཙོ་གནད་ཁེ་ལས་སུ་འདོད་བློའི་མཚམས་སྦྱོར300ལྷག་འབྱོར། 

ཤེས་གསལ་ལྟར་ན། ཐེངས་འདིའི་བྱ་འགུལ་སྟེང་ཁྱོན་ཞིང་ཆེན་དང(ཆུས)21གི་ཁེ་ལས1000ཉེ་བ་ཞུགས་པ་དང་། ལས་ཞུགས་ལས་གནས་ཁྲི2.2མཁོ་འདོན་བྱས་ཤིང་། མཐོ་རིམ་མཐར་ཕྱིན་སློབ་མ་ཁྲི3ནང་འགུག་བྱས་པ་དང་། ཐོག་མའི་འདོད་བློ་བྱུང་མཁན་མི5000ལ་སླེབས། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རང་ཞིང་གི་གཙོ་གནད་ལས་རིགས་དང་། གསར་དར་ཐོན་ལས་ཀྱི་འཇོན་མིའི་དགོས་མཁོར་དམིགས་ཏེ། ཉིང་ཞ་སློབ་ཆེན་གྱི་སློབ་སྒྲུབ་ཁྱད་ཆོས་དང་ཆེད་ལས་སྒྲིག་བཀོད་དང་ཟུང་འབྲེལ་སྒོས། ཆེད་ལས་སྡེབ་ཚད་ཅུང་མཐོ་བའི་སྤུས་ལེགས་ལས་གནས་བསྡུ་ལེན་ཚོགས་འདུའི་འཇོན་འགུག་ཁྲོད་ཞུགས། ཡུལ་དངོས་སུ“མཚོ་སྔོན་དུ་བསྐྱོད”པའི་ཁྱད་ལྡན་འགྲེམ་ཁུལ་འཛུགས་སྒྲུབ་བྱས་པ་དང་། ཞིང་ཆེན་གྱི་གནས་ཚུལ་མཚམས་སྦྱོར་དང་། མཚོ་སྔོན་གྱི་ལས་ཞུགས་ཟོང་རྟགས། འཇོན་མི་ནང་འདྲེན། མི་ཤུགས་ཐོན་ཁུངས་འཕེལ་རྒྱས། དེག་མཚན་ཐོན་ལས། གཙོ་གནད་ཁེ་ལས་མཚམས་སྦྱོར་སོགས་དུམ་ཚན6ཏུ་བགོས་ཏེ་དྲིལ་སྒྲོག་འོས་སྦྱོར་བྱས་པ་དང་། རིགས་སོ་སོའི་དྲིལ་སྒྲོག་རྒྱུ་ཆ2000བཀྲམ། ཧུར་ཐག་གིས་ཁེ་ལས་བཅར་འདྲི་དང་ལས་གནས་རྒྱ་བསྐྱེད། ཞིང་ཆེན་ཕྱིའི་སྤུས་ལེགས་ལས་གནས་བརྡ་འཕྲིན2300བསྡུ་སྒྲིག་བྱས་ཏེ། དུས་ཐོག་ཏུ་རང་ཞིང་གི་རིགས་སོ་སོའི་ལས་ཞུགས་ཞབས་ཞུའི་སྟེགས་བུར་ཁྱབ་བསྒྲགས་བྱས། དུས་མཉམ་དུ“ཐད་གཏོང་དུ་ལས་གནས་ཁྱེར་བ”སོགས་ཀྱི་བྱ་འགུལ་སྤེལ་ནས། ཁེ་ལས་ཀྱི་ལས་གནས་མཚམས་སྦྱོར་དང་། དྲ་ཐོག་དོགས་གཞིར་ལན་འདེབས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཞིང་ཆེན་ཕྱིའི་ལས་བཀོལ་ལས་ཁུངས་དང་རང་ཞིང་གི་ལས་གནས་འཚོལ་བའི་བར་འབྲེལ་ཟམ་བཙུགས་ཏེ། རང་ཞིང་གི་ལས་གནས་འཚོལ་མཁན་གྱིས་ཞིང་ཆེན་ཕྱིའི་ལས་ཞུགས་ཚོང་རར་རྒྱུས་ལོན་བྱེད་པར་རོགས་རམ་བྱས་ཏེ། ཡང་དག་པའི་ལས་ཞུགས་ལྟ་བ་དང་། ལས་འདེམས་ལྟ་བ་ཆགས་སུ་བཅུག་ནས། སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་ཡོང་བར་བྱས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།