ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་ཁྱོན་ཡོངས་ནས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་བ་བརྗེ་བའི་བྱ་བར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་བ་བརྗེ་བའི་སྐུལ་འདེད་གཏོང་བའི་བྱེད་ཐབས》དང་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་ལེན་དོན་འཁྱོལ་བྱ་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མགྱོགས་མྱུར་ངང་སེམས་ཞིབ་མོས་བཀོད་སྒྲིག་བྱས་ཏེ། སྟོབས་ཤུགས་ཡོད་རྒུས《མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་བ་བརྗེ་བའི་ལག་བསྟར་བྱེད་ཐབས》(གཤམ་དུ《ལག་བསྟར་བྱེད་ཐབས》སུ་འབོད)ཕན་འབྲས་ཐོན་པར་སྐུལ་འདེད་བཏང་། 

ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་བྱེད་ཐབས་དོན་འཁྱོལ། མ་ལག་གི་སྒོ་ནས་རྟོག་ཞིབ་བཅས་བྱས་ཏེ། ལས་གཞིའི་འཆར་འགོད་གསོག་ཉར་གྲ་སྒྲིག་ལ་ཤུགས་སྣོན་དང་། “སྒྲིག་ཆས་གསར་སྒྱུར་དང་། འཛད་སྤྱོད་དངོས་རྫས་རྙིང་བ་བརྗེ་བ། ཕྱིར་བསྡུ་འཁོར་རྒྱུགས་བེད་སྤྱོད། ཚད་གཞི་མཐོར་འདེགས”བཅས་ཆེད་སྤྱོད་བྱ་འགུལ་ཆེན་པོ་བཞིར་དམིགས་ཏེ། རང་ཞིང་གི་དོན་དངོས་ལྟར། མཐུན་འགྲིག་འཁོར་རྒྱུག་དཔལ་འབྱོར་སྐུལ་འདེད་དང་། ས་གནས་ཚད་གཞི་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བྱ་བར་སྐུལ་འདེད་བཏང་། “གསར་བ་གཉིས”ཀྱི་བྱ་བའི་དུས་ཚོད་རིང་བ་དང་། ཁྱབ་ཁོངས་མང་པོར་འབྲེལ་བ། ལས་སྒྲུབ་ལས་འགན་ལྕི་བའི་དོན་དངོས་ལྟར། ལོ་ངོ་བཞིའི་ལས་སྒྲུབ་ལས་འགན་མགོ་རྩོམ་དང་། ལག་བསྟར། དཔྱད་འཇོག་བཅས་དུས་རིམ་གསུམ་དུ་བགོས་ཏེ། དུས་རིམ་རེའི་ལས་སྒྲུབ་གཙོ་གནད་གསལ་བོར་བྱས་པ་དང་། ལོ་རེའི་འཆར་གཞི་གཏན་ཁེལ་བྱེད་པ་དང་། རྩིས་ཐོའི་དོ་དམ་ལག་བསྟར། ཆེད་དོན་སྦྲེལ་མཐུད། ལས་གཞི་གསོག་ཉར། ཞབས་ཞུའི་མ་ལག་འཐུས་ཚང་། ལོ་རེའི་སྤྱི་བསྡོམས་སོགས་ཀྱི་བྱ་བ་སྤེལ་ཏེ། ལས་འགན་སོ་སོ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་། ནོར་སྲིད་ཁ་གསབ་ལེགས་སྒྲིག་དང་། ཁྲལ་བསྡུ་དམིགས་བསལ། དངུལ་རྩའི་རྒྱབ་སྐྱོར། རྒྱུ་རྐྱེན་འགན་སྲུང་སོགས་སྲིད་ཇུས་བྱེད་ཐབས་ལེགས་སྒྲིག་བྱས་ཏེ། ཁྱོན་ཡོངས་ནས་ལས་གཞི་འཆར་འགོད་དང་། གསོག་ཉར། རེ་ཞུ་དང་ལག་བསྟར་ལ་ཤུགས་བསྣན་ཏེ། ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་ནུས་པ་དང་། ཡིད་རྟོན་མ་དངུལ་གྱི་རོགས་འདེགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་ཇུས་ཀྱི་འདུས་ཤུགས་གཅིག་འདུས་ཡོང་བར་བྱེད་དགོས། ལས་རིགས་ལ་དོ་དམ་བྱེད་ན“གསར་བ་གཉིས”ཀྱི་བྱ་བར་དོ་དམ་བྱེད་པའི་རྩ་དོན་ལྟར། སྡེ་ཁག་གི་བྱ་བའི་འགན་ནུས་ལྟར། བྱ་འགུལ་ཆེན་པོ་བཞིའི་བྱེ་བྲག་གི་ལས་འགན་སྣ27དང་སྐུལ་འདེད་སྣ12། འགན་སྲུང་བྱེད་ཐབས་སྣ4བཅས་སྣེ་ཁྲིད་ལས་ཁུངས20ལ་དོན་འཁྱོལ་ཡོང་བར་བྱས་ཏེ། ཕྱོགས་སོ་སོའི་འགན་ནུས་དང་དམིགས་འབེན་ལས་འགན་གཟབ་ནན་དུ་གཏོང་དགོས་པའི་བླང་བྱ་བཏོན། 

མཚམས་སྦྱོར་བྱས་པ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ། མུ་མཐུད་ནས་བྱ་བའི་སྒྲིག་སྲོལ་དང་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། 《ལག་བསྟར་བྱེད་ཐབས》ཀྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་གོ་རིམ་དང་། དུས་རིམ་ལྟར་དོན་འཁྱོལ་ཡོང་བར་ཁག་ཐེག་བྱས་ཏེ། སྔོན་དཔག་གི་ཕན་འབྲས་ཐོབ་པར་བྱེད་པ་དང་། ཐོན་ལས་ཚུལ་བསྒྱུར་རིམ་འཕར་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།