ཀྲུང་གོ་བོད་ཀྱི་དྲ་བ།

“ལྔ་གཅིག”གུང་གསེང་སྐབས་སུ་མཚོ་སྔོན་གནམ་གྲུ་ཐང་ཀུང་སིས་སྐུ་མགྲོན་མི་ཐེངས་ཁྲི10སྐྱེལ་འདྲེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“ལྔ་གཅིག”གུང་གསེང་སྐབས་སུ་མཚོ་སྔོན་གནམ་གྲུ་ཐང་ཀུང་སིས་སྐུ་མགྲོན་མི་ཐེངས་ཁྲི10སྐྱེལ་འདྲེན་བྱས་པ་དང་གནམ་གྲུ་འཕུར་ཐེངས896འགན་ལེན་བྱས། དེའི་ནང་ཟི་ལིང་གནམ་གྲུ་ཐང་གིས་སྐུ་མགྲོན་མི་ཐེངས་ཁྲི8.9སྐྱེལ་འདྲེན་བྱས་པ་དང་གནམ་གྲུ་འཕུར་ཐེངས748འགན་ལེན་བྱས་ཡོད། མཚོ་སྔོན་གནམ་གྲུ་ཐང་ཀུང་སིའི་སྐུ་མགྲོན་གཙོ་བོ་ཁྲེང་ཏུའུ་དང་པེ་ཅིན། ཧྲང་ཧའེ། ཞི་ཨན། ཀྲིན་ཀྲོའུ། ཧང་ཀྲོའུ། ཁྲང་ཧྲ། ཁྲུང་ཆིན། ཀོང་ཀྲོའུ་སོགས་སུ་ཁྱབ་ཡོད།

ཡུལ་སྐོར་བ་རྒྱ་བསྐྱེད་པ་དང་འགྲུལ་པ་འདྲེན་ཤུགས་ཆེ་རུ་བཏང་སྟེ། མཚོ་སྔོན་དུ་ཡུལ་སྐོར་ལྗོངས་རྒྱུ་བྱེད་པར་སྔར་ལས་སྟབས་བདེ་བསྐྲུན་ཆེད། མཚོ་སྔོན་གནམ་གྲུ་ཐང་ཀུང་སིས་རྒྱལ་ཡོངས་ས་གནས་སོ་སོའི་ཡུལ་སྐོར་བ་གནམ་གྲུར་བསྡད་དེ་ཟི་ལིང་དུ་འབྱོར་ནས་ཞིང་ཆེན་ནང་ཁུལ་གྱི་ཡན་ལག་གནམ་གྲུ་ཐང་དུ་སྤོ་སྐྱོད་བྱེད་པར་དམིགས་ཏེ་ཟ་མ་དང་ཞག་སྡོད། དངོས་ཟོག་བཅོལ་བ། སྤྱི་སྤྱོད་རླངས་འཁོར་བཅས་ལ་གླ་མི་དགོས་པ་དང་། ངལ་གསོ་དང་དངོས་ཟོག་ཉོ་སྒྲུབ་བྱེད་པར་གཟིགས་སྐྱོང་བྱེད་པའི་ཞབས་ཞུ་མང་པོ་མཁོ་འདོན་བྱས། དམིགས་འཛུགས་གྲོང་ཁྱེར་ནས་གནམ་གྲུར་བསྡད་དེ་མཚོ་སྔོན་དུ་འབྱོར་བའི་ཡུལ་སྐོར་བར་ཁ་ཕྱོགས་ཏེ་ཆེད་གཏོགས་ཐོན་རྫས་བཀོད་སྒྲིག་བྱས་པ་དང་། དེའི་ནང་གནམ་གྲུར་བསྡད་དེ་མཚོ་སྔོན་དུ་འབྱོར་བའི་ཡུལ་སྐོར་བར་ཁམས་ར་སོགས་མཛེས་ལྗོངས་ཁུལ་ཆེན་པོ་ལྔ་རུ་ཡུལ་སྐོར་ལྗོངས་རྒྱུ་བྱེད་པར་རིན་མེད་སྤ་སེ་འགྲེམ་གཏོང་བྱེད་པ་དང་། མཉམ་དུ་རླངས་འཁོར་གླ་བ། གནམ་གྲུར་བསྡད་དེ་མཚོ་སྔོན་དུ་འབྱོར་བའི་ཡུལ་སྐོར་བར་ས་གནས་གཞན་ནས་རིན་མེད་ངང་རླངས་འཁོར་ཕྱིར་སྤྲོད་པ་དང་རླངས་འཁོར་གླ་བར་རིན་གོང5%ཇེ་སླ་རུ་གཏོང་བ་སོགས“མཁའ་སྐྱོད”རིགས་ཀྱི་ཐོན་རྫས་མཁོ་འདོན་བྱ་རྒྱུ་སོགས་འདུས།

ཟི་ལིང་གནམ་གྲུ་ཐང་གིས་འགྲུལ་པའི་ཞབས་ཞུའི་འགན་ལེན་ལེགས་པོ་བྱས་པ་དང་འགྲུལ་པའི་འགྲོ་འོང་གི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། འགན་ལེན་ཐོན་ཁུངས་བཀོད་སྒྲིག་ལུགས་དང་མཐུན་པར་བྱས་ནས་གནམ་གྲུའི་སྒྲོམ་སྟེགས་དང་བདེ་འཇགས་ཞིབ་བཤེར་བགྲོད་ལམ་ཇེ་མང་དུ་བཏང་སྟེ་ཕྱི་འབྱོར་འགྲུལ་པ་དང་བགྲེས་པོ། བྱིས་པ། དམག་མི། མེ་འགོག་རོགས་སྐྱོབ་མི་སྣ་སོགས་དམིགས་བསལ་འགྲུལ་པའི་འགྲོ་འོང་གི་དགོས་མཁོ་ཕན་འབྲས་ཡོད་པའི་སྒོ་ནས་སྐོང་ཐུབ་པར་བྱས་པ་དང་། ཁེར་རྐྱང་དུ་འགྲོ་འོང་བྱེད་པའམ་ཡང་ན་འགུལ་སྐྱོད་བྱེད་མི་བདེ་བའི་བགྲེས་པོར“ཕུལ་བྱུང་གསུམ་དང་རོགས་སྐྱོར་གསུམ”གྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། གུང་གསེང་སྐབས་སུ་ཁེར་རྐྱང་དུ་ཕྱིར་སྐྱོད་པའི་བྱིས་པར“བྱིས་པའི་སྐྱེལ་རྩེད”ཀྱི་འདུག་རོགས་མེད་པའི་བྱིས་པ་གནམ་གྲུར་སྡོད་པའི་ཞབས་ཞུ་མཁོ་འདོན་བྱེད་པ། གནམ་གྲུ་ཐང་གི་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་འཆར་འགོད་ཇེ་ལེགས་སུ་གཏོང་བ་དང་། གནམ་གྲུ་ཐང་ནས་གྲོང་ཁུལ་བར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་མྱུར་བགྲོད་ལམ་ཐིག་གསང་སྡོམ་བྱས་ཏེ་ས་ངོས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་ཕྱོད་ཆེ་རུ་བཏང་ཞིང་། འགྲུལ་པ་བདེ་བླག་ངང་འགྲོ་འོང་བྱེད་ཐུབ་པར་འགན་ལེན་བྱ་རྒྱུ་རེད།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།