ཀྲུང་གོ་བོད་ཀྱི་དྲ་བ།

“ལྔ་གཅིག”གུང་གསེང་སྐབས་སུ་མཚོ་སྔོན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི312.5སྣེ་ལེན་བྱས་པ་དང་ཡུལ་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར13.4མངོན་འགྱུར་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“ལྔ་གཅིག”གུང་གསེང་སྐབས་སུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཚོང་ར་བསྟུད་མར་ཇེ་ལེགས་སུ་སོང་བ་དང་། གཏན་འཇགས་གོ་རིམ་ལྡན་ཞིང་། ཡུལ་སྐོར་ཞུ་གཏུག་ཆེ་གྲས་འབྱོར་མེད་པ་དང་། ཡུལ་སྐོར་བདེ་འཇགས་དོན་རྐྱེན་ཆེ་གྲས་ཡང་བྱུང་མེད། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་བ་མི་ཐེངས་ཁྲི312.5སྣེ་ལེན་བྱས་པ་དང་། ཡུལ་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར13.4མངོན་འགྱུར་བྱུང་ཞིང་། དུས་མཉམ་ལས་སོ་སོར19.6%དང13.8%འཕར་བ་དང་། སོ་སོར2019ལོའི་ལྡབ1.76དང1.2ཡིན། 

ཐོན་རྫས་འདོན་སྤྲོད་སྔར་ལས་ཕུན་སུམ་ཚོགས་ཤིང་། རིག་གནས་དམངས་ཕན་རྣམ་པ་སྣ་ཚོགས་ཡིན། མཚོ་སྔོན་པོའི་ལྗོངས་ཁུལ་གྱིས“རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་བྱ་འགུལ་རབ་དང་རིམ་པ་ལས་མཚོ་སྔོན་པོར་ཡུལ་སྐོར་བྱེད་པའི་བྱ་འགུལ”གོ་སྐབས་སུ་བཟུང་ནས། ཁེ་རམ་ཐང་ལྗོངས་ཁུལ་གྱི་ཚོགས་ར་གཙོ་བོ་དང་། ཐུང་པའོ་རི་བོའི་ལྗོངས་ཁུལ་གྱི་ཡན་ལག་ཚོགས་རར་རིག་རྩལ་འཁྲབ་སྟོན་དང་། གཟུགས་འདས་ཤུལ་བཞག་ལས་གཞི། ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས། དཔེ་མཛོད་རིག་གནས་དངོས་མང་བཤམས་སྟོན་ལྗོངས་ཁུལ་དུ་བསྐྱོད་པ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། “མཛེས་སྡུག་ཡིད་དུ་འོང་བའི་མཚོ་སྔོན་པོའི”མཛེས་པ་བྲིས། ཚྭ་ཁའི་ཚྭ་མཚོའི་ལྗོངས་ཁུལ་དུ་ཟླ5པའི་ཚེས1ཉིན་ནས་ཚེས31ཉིན་བར་དུ་པ་སེའི་རིན་མེད་ཡིན་པ་དང་། “པ་སེ་གཅིག་གིས་ཉིན་གཉིས་ལ་ཡུལ་སྐོར”བྱེད་པ་ལག་བསྟར་བྱས་ཏེ། ཡུལ་སྐོར་དང་པར་ལེན་མྱོང་རོལ་ཕུན་ཚོགས་སུ་བཏང་། ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གིས“1+3”བརྗོད་དོན་གཙོ་བོའི་འགྲེམ་སྟོན་གཙོར་བཟུང་བ་དང་། གྲངས་འཛིན་མྱོང་རོལ་ཁང་ཁ་གསབ་བྱས་ཤིང་། དུས་མཉམ་དུ་སྤྱི་ཚོགས་སློབ་གསོའི་བྱ་འགུལ་སྤེལ་བ་དང་། ལྟ་སྐོར་མི་གྲངས་མི་ཐེངས་ཁྲི1.74ལ་སླེབས་ཤིང་། འཕར་ཚད49%ལ་སླེབས། ཞིང་ཆེན་དཔེ་མཛོད་ཁང་གིས་བསྐོར་བསྐྱོད་དཔེ་མཛོད་རླངས་འཁོར་ལྗོངས་ཁུལ་དུ་བསྐྱོད་པ་དང་། མཐོང་རྒྱར་བཀག་རྒྱ་ཡོད་པའི་དཔེ་ཀློག་པས་དཔེ་དེབ་ལ་ཉན་པ་སོགས་ཀྱི་བྱ་འགུལ་ཐེངས30ལྷག་སྤེལ་བ་དང་། ཞབས་ཞུའི་མི་ཐེངས9880ལ་སླེབས་ཤིང་། དུས་མཉམ་ལས44%འཕར། ཞིང་ཆེན་རིག་གནས་ཁང་གིས་རབ་མཛེས་མཚོ་སྔོན་གྱི་རིག་རྩལ་རྟ་དམག་དམངས་ཕན་འཁྲབ་སྟོན་ཐེངས9ལ་སྤེལ་བ་དང་། ཡུལ་དངོས་ལྟད་མོ་བ་མི་ཐེངས་ཁྲི3.5ལ་སླེབས་པ་དང་། རྡེབ་ཚད་མི་ཐེངས་ཁྲི46ལ་སླེབས། 

“ལྔ་གཅིག”གུང་གསེང་སྐབས་སུ། མཚོ་སྔོན་གྱིས་ཞིང་ཆེན་ཕྱི་ནང་དུས་མཉམ་དང་། ཞིང་ཆེན་དང་གྲོང་ཁྱེར། ཁུལ་གཅིག་གྱུར། དྲ་ཐོག་དང་ཡུལ་དངོས་མཉམ་འབྲེལ་རྒྱུན་འཁྱོངས་བྱས་ཏེ། དྲིལ་སྒྲོག་འོས་སྦྱོར་དང་། “རི་མགོ་ཆུ་ཁུངས། རབ་མཛེས་མཚོ་སྔོན”གྱི་རིག་གནས་ཡུལ་སྐོར་ཟོང་རྟགས་མངོན། རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན”དཔྱིད་དུས་རིག་གནས་དང་ཡུལ་སྐོར་བྱ་འགུལ་དང་དམ་དུ་འབྲེལ་ཏེ། སྔ་རྗེས་སུརི་མགོ་ཆུ་ཁུངས། རབ་མཛེས་མཚོ་སྔོན”ཡིད་དུ་འོང་བའི་མཚོ་སྔོན་པོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱ་འགུལ་ནས་མཚོ་སྔོན་པོར་ལྟ་སྐོར་དུ་འགྲོ་བའི་བྱ་འགུལ་གྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་དམངས་ཕན་འཁྲབ་སྟོན་བྱས་པ་དང་། རབ་མཛེས་མཚོ་སྔོན་གྱི་དམག་རྟའི་ཕུལ་བྱུང་ཐང་ཆེན་ཞབས་བྲོའི་འཁྲབ་སྟོན་སོགས་ཡན་ལག་ཚོགས་རའི་བྱ་འགུལ་སྣ106སྤེལ་བ་དང་། ལྟད་མོ་བ་མི་ཐེངས་ཁྲི41ལ་སླེབས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།