ཀྲུང་གོ་བོད་ཀྱི་དྲ་བ།

“ལྔ་བཞིའི”སྐབས་སུ་མཚོ་སྔོན་གྱི་ས་གནས་སོ་སོས་གཅིག་སྡུད་སྒོས་གུང་གཞོན་ཚོགས་པར་ཞུགས་པའི་མཛད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ངའི་སྔོན་རབས་པའི་རྐང་རྗེས་བཙལ་ཏེ། གསར་བརྗེའི་རྒྱུ་རྟེན་རྒྱུད་འཛིན་བྱེད་པ་དང་། དོན་དངོས་བྱེད་སྟངས་ཀྱིས་རང་ཉིད་ཀྱི་གུང་གཞོན་ཚོགས་པའི་རྩ་འཛུགས་ལ་ཡིད་ཆེས་པ་ར་སྤྲོད་བྱེད་པ་དང་། གུང་གཞོན་ཚོགས་པའི་ཚོགས་མིའི་གཟི་བརྗིད་སྲུང་རྒྱུ་ཡིན”ཟླ5པའི་ཚེས6ཉིན། གུང་གཞོན་ཚོགས་པའི་ཚོགས་མི་ལི་མིན་རོའུ་ཡིས་དེ་ལྟར་བཤད།“ལྔ་བཞིའི་ལས་འགུལ”གྱི་ལོ་འཁོར105འཁོར་བར་རྗེས་དྲན་ཞུ་བ་དང་། རྒྱ་ཆེའི་ལོ་ཆུང་གཞོན་ནུའི་ཏང་ལ་དགའ་བ་དང་། རྒྱལ་གཅེས། སྤྱི་ཚོགས་རིང་ལུགས་ལ་དགའ་བར་ཁྲིད་སྟོན་བྱེད་པ། གུང་གཞོན་ཚོགས་པའི་ཚོགས་མི་དང་། ལོ་ཆུང་གདོང་ལེན་རུ་མིའི་གཟི་བརྗིད་མཐོར་འདེགས་སུ་གཏོང་ཆེད།“ལྔ་བཞིའི”སྐབས་སུ། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་བྱས་ཏེ་གུང་གཞོན་ཚོགས་པར་ཞུགས་པའི་མཛད་སྒོ་བསྡུས་ནས། རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མིས་རྔམ་བརྗིད་ལྡན་པའི་མཛད་སྒོའི་ཁྲོད་ནས་ཕུགས་འདུན་ཇེ་བརྟན་དུ་གཏོང་བར་བྱས། 

ཟི་ལིང་གྲོང་ཁྱེར་གྱིས‘ལྔ་བཞིའི’རྒྱལ་སྟོབས་དར་སྤེལ་ལ་ང་ཡོད་པ་དང་། གུང་གཞོན་ཚོགས་པར་ཞུགས་པའི་མཛད་སྒོ་དང་། ལོ་བཅུ་བཞིའི་གཅིག་བསྡུས་སྐྱེས་སྐར་དཔེ་སྟོན་བྱ་འགུལ་སྤེལ་ཏེ། དུས་རབས་གསར་བའི་ལོ་ཆུང་གཞོན་ནུའི་ཡར་སྐུལ་གྱི་བསམ་བློའི་རྣམ་པ་དང་། དུས་རབས་གསར་བ་འཛུགས་སྐྲུན་གྱི་བློ་སྤོབས་མངོན་དུ་བཅུག མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཤང་ལྟེ་གནས་སློབ་གྲྭས“ལྔ་བཞིའི་ལས་འགུལ”གྱི་ལོ་འཁོར105ལོན་པར་རྗེས་དྲན་ཞུ་བའི་བྱ་འགུལ་དང་གཅིག་བསྡུས་སྒོས་ཚོགས་པར་ཞུགས་པའི་མཛད་སྒོ་སྤེལ་བ་དང་། གུང་གཞོན་ཚོགས་པའི་ལོ་ཆུང་གཞོན་ནུའི་མི་ཚུལ་བསམ་བློ་གསོ་སྐྱོང་བྱས་ཏེ། གུང་གཞོན་ཚོགས་པའི་རང་སྟེང་འཛུགས་སྐྲུན་ལ་ཤུགས་བསྣན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས2024ལོའི་གུང་གཞོན་ཚོགས་པར་ཞུགས་པའི་མཛད་སྒོའི་དཔེ་སྟོན་བྱ་འགུལ་སྤེལ་བ་དང་། གུང་གཞོན་ཚོགས་པའི་ཚོགས་མིས་གུང་གཞོན་ཚོགས་པའི་དར་ཆའི་འོག་དམ་བཅའ་བཞག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་གུང་གཞོན་ཚོགས་པའི་ཚོགས་མིའི་ཁྲོད་ཞུགས་པའི་མཛད་སྒོ་སྤེལ་བ་དང་། གུང་གཞོན་ཚོགས་པའི་ལོ་ཆུང་གཞོན་ནུ100ལྷག་མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་དང་། རྒྱལ་གཉེར221ཡན་ལག་བཟོ་གྲྭ་དང་པོ་སོགས་སུ་སོང་ནས་གསར་བརྗེའི་རྟོག་ཞིབ་སློབ་སྦྱོང་བྱ་འགུལ་སྤེལ་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་ཕྱིར་དྲན་བྱས་ཏེ། ཡར་སྐུལ་གྱི་སྟོབས་ཤུགས་བསྡུ་ལེན་བྱས་པ་དང་། རང་འགུལ་ངང་གསར་བརྗེའི་རྒྱུ་རྟེན་རྒྱུད་འཛིན་བྱས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“ལང་ཚོའི་སེམས་པ་ཏང་ལ་ཕྱོགས་པ་དང་། དུས་རབ་གསར་བར་བྱས་རྗེས་འཇོག”པའི་གུང་གཞོན་ཚོགས་པའི་དཔེ་སྟོན་རང་བཞིན་གྱི་གུང་གཞོན་ཚོགས་པར་ཞུགས་པའི་མཛད་སྒོ་སྤེལ། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།