ཀྲུང་གོ་བོད་ཀྱི་དྲ་བ།

ན་གོར་མོ་གྲོང་ཁྱེར་གྱིས་དཔྱད་ཞིབ་བྱེད་སྟངས་ཇེ་ལེགས་སུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་མགོ་ཁྲིད་རྩ་འཛུགས་ཀྱི་ལོ་རེའི་ཕྱོགས་བསྡུས་དཔྱད་ཞིབ་བྱེད་སྟངས་ཇེ་ལེགས་སུ་བཏང་བ་དང་། ཡུལ་དངོས་དཔྱད་ཞིབ་དོ་སྣང་དང་དུས་རྒྱུན་གྱི་དཔྱད་ཞིབ་གཙོར་བཟུང་སྟེ། རྩིས་ཐོའི་དཔྱད་ཞིབ། ལོ་མཇུག་དཔྱད་ཞིབ་བྱེད་ཞོར་དུ་འཛིན་པའི་དཔྱད་ཞིབ་རྣམ་པས། དཔྱད་ཞིབ་ཀྱི་ཚན་རིག་རང་བཞིན་དང་གནད་ཁེལ་མཐོར་འདེགས་སུ་བཏང་། 

དཔྱད་ཞིབ་ཀྱིས་རྩིས་ཐོའི་ངོས་ནས་ས་ངོས་སུ་བསྒྱུར། གཙོ་ཁྲིད་དཔྱད་ཞིབ་དང་ཡུལ་དངོས་དཔྱད་ཞིབ་ཀྱི་བསྡུར་ཚད་ཆེ་རུ་བཏང་བ་དང་། ཡུལ་དངོས་དཔྱད་ཞིབ་ཚན་ཆུང6འཛུགས་སྒྲུབ་བྱས་ཤིང་། “གླེང་མོལ་རྒྱུས་ལོན་དང་ཡུལ་དངོས་ཞིབ་བཤེར”གྱི་རྣམ་པ་སྤྱད་ཅིང་། གཙོ་གནད་སྒོས་ལས་གཞིའི་ཡུལ་དངོས་ལ་དོ་སྣང་དང་། གཙོ་གནད་ལས་འགན་གྱི་རྒྱུགས་ལེན་སྡེ་ཁག་གི་ལས་ཁུངས་ཀྱིས་གཙོ་གནད་ལས་འགན་སྐུལ་འདེད་དོན་འཁྱོལ་གནས་ཚུལ་ལ་དོ་སྣང་བྱེད་པ། ཞིབ་བཤེར་རྩ་འཛུགས་བྱ་བའི་སྙན་ཞུ་དངོས་མ་ཡིན་མིན་ལ་བལྟ་བ། མང་ཚོགས་ཀྱི་དཔྱད་འཇོག་ཡིད་ཚིམ་མིན་ལ་ཞིབ་བཤེར་བྱེད་པ། བྱ་བའི་ལས་འགན་དངོས་ཕན་ནུས་མཐོ་བའི་དོན་འཁྱོལ་ལ་སྐུལ་བ་བཏང་། 

དཔྱད་ཞིབ་ཀྱི་རྣམ་པ་དེ་ལོ་མཇུག་ནས་དུས་རྒྱུན་དུ་བསྒྱུར། “དུས་རྒྱུན་དུ་རྩིས་ཐོ་ཞིབ་རྩིས་དང་། ལོ་མཇུག་ཏུ་སྤྱི་རྩིས་རྒྱག”པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་རིམ་པའི་མགོ་ཁྲིད་ཀྱི“ས་ཁུལ་མགོ་གཙོའི་ལམ་ལུགས”ཀྱི་བྱ་བའི་སྒྲིག་སྲོལ་ལ་བརྟེན་ནས། སྡེ་ཁག་ལས་ཁུངས་ཀྱི་རྩ་འཛུགས་ཀྱི་ཉིན་རྒྱུན་འཁོར་རྒྱུག་ཁོང་དུ་ཆུད་པར་བྱེད་པ། བྱ་བའི་སྐུལ་འདེད། གཙོ་གནད་ལས་འགན་དོན་འཁྱོལ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ལ་དོ་སྣང་བྱས། དུས་མཚུངས་སུ། མུ་མཐུད་ནས་དུས་རྒྱུན་གྱི་དཔྱད་ཞིབ་ཀྱི་བསྡུར་ཚད་སྙོམས་སྒྲིག་དང་། “བསྡུར་ཚད་མཐོ་བ་དང་། སྐར་མ་མཐོན་པོ་སྟེར་”བརྒྱུད་དེ། ཁྱོན་ཡོངས་ནས་དུས་རྒྱུན་གྱི་དཔྱད་ཞིབ་ཀྱི་དགེ་མཚན་འབུར་དུ་བཏོད་ནས། སྡེ་ཁག་ལས་ཁུངས་ཀྱི་ལོ་མཇུག་གི་ཐེངས་གཅིག་རང་བཞིན་གྱི་དཔྱད་ཞིབ་ཀྱི་གནོན་ཤུགས་ཇེ་ཡང་དུ་བཏང་ནས། རྩིས་ཐོ་ཁ་གསབ་ཀྱི་རྗེས་ཤུལ་ཇེ་ཉུང་དུ་བཏང་། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།