ཀྲུང་གོ་བོད་ཀྱི་དྲ་བ།

བརྩེ་སེམས་ཟ་ཁང་ནང་གི་བདེ་སྐྱིད་འཚོ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉིན་གོང་ཆུ་ཚོད11གི་སྟེང་། ལོ་ན80ལ་སོན་ཡོད་པའི་བགྲེས་པོ་ཁེར་འདུག་པའེ་ཡུས་ཧྥང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཟུར་གསུམ་མཁར་སྡེ་ཁུལ་གྱི་བརྩེ་སེམས་ཟ་ཁང་དུ་སོང་ནས་དགའ་སྤྲོའི་ངང“དེ་རིང་ཉིན་གོང་གི་ཟ་མ་ནི་ང་ཟ་རྒྱུར་དགའ་བའི་ཐུག་པ་ཡིན། སྔ་མོ་བདེ་སྲུང་ཁང་དུ་སོང་ནས་ལུས་པོ་འཕུར་མཉེད་བྱེད་པ་བྱས་མཐར། ཟ་མ་ཟ་རྒྱུར་སྒུག་འདུག”ཅེས་བཤད།

ཉིན་གུང་ཐོན་ལ་ཉེ་བའི་སྐབས་སུ་ཟུར་གསུམ་མཁར་སྡེ་ཁུལ་གྱི“བརྩེ་སེམས་ཟ་ཁང”དུ་ཚ་ཚ་འུར་འུར་གྱིས་ཁེངས་འདུག་ལ། བགྲེས་པོ་བཅུ་ལྷག་གིས་བྲོ་བ་ཞིམ་པའི་ཟ་མ་ལོངས་སུ་སྤྱོད་བཞིན་པའི་ཞོར་དུ་ཁ་བརྡ་གླེང་མོ་བྱེད་ཀྱིན་ཡོད་ལ། སྤྲོ་སྐྱོད་ཀྱི་རྣམ་པ་ཞིག་གིས་ཁེངས་ཡོད།“གནས་འདིའི་ང་ཚོའི་བྲོ་བ་དང་འཚམ་ཞིང་། རྣམ་པ་ཡང་ཕུན་སུམ་ཚོགས་པོ་ཡོད་ལ། ཕག་རྩིབ་སྲེག་མ་སོགས་ཡོད་པས་ང་ཚོ་ཚང་མ་ཟ་རྒྱུར་དགའ”ཞེས་ལོ་ན70ལ་སོན་ཡོད་པའི་བགྲེས་པོ་ཀྲང་ཧྲི་ཞིའུ་ཡིས་ཟ་མ་ཟ་བཞིན་ཡིད་ཚིམས་པའི་ངང་བཤད། ཉིན་གོང་གི་ཟ་མ་ཟས་རྗེས་བགྲེས་པོ་ལ་ལས་འགྲམ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་ངལ་གསོ་བྱེད་པ་དང་། ལ་ལས་དཔེ་ཀློག་ཁང་དུ་མིག་མངས་རྩེ་བ། ལ་ལས་ཁ་བརྡ་གླེང་མོ་བྱེད་པ་སོགས་སྡེ་ཁུལ་དུ་དྲོ་སྐྱིད་དང་ཞི་ལྷོད་ཀྱི་རྣམ་པ་ཞིག་གིས་ཁེངས།

ཉེ་བའི་ལོ་འགའི་རིང་། ཕན་འབྲས་ཡོད་པའི་སྒོ་ནས་སྡེ་ཁུལ་གྱི་བགྲེས་པོ་རྣམས་ཟ་མ་ཟ་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། ཟུར་གསུམ་མཁར་སྡེ་ཁུལ་གྱིས་སྲིད་གཞུང་སྡེ་ཁག་དང་སྤྱི་ཚོགས་སྟོབས་ཤུགས་སོགས་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ནས། མང་ཚོགས་ཀྱི་སྒོ་འགྲམ་གྱི“བརྩེ་སེམས་ཟ་ཁང”བསྐྲུན་པ་དང་། མཉམ་འབྲེལ་སྡེ་ཁག་འབྲེལ་གཏུགས་བྱེད་པ་དང་ཆེད་དོན་མ་དངུལ་རྒྱབ་སྐྱོར་སོགས་ཀྱི་བྱ་ཐབས་བརྒྱུད། བརྩེ་སེམས་ཟ་ཁང་འཁོར་སྐྱོད་བྱེད་པར་མ་དངུལ་ཕྱོགས་ནས་འགན་ལེན་བྱས།

“ཚང་མས་དགའ་དགའ་སྤྲོ་སྤྲོ་དང་བག་ཡངས་ངང་ཟ་མ་ལོངས་སུ་སྤྱོད་པར་ང་ཚོའི་ལས་དོན་མི་སྣས་ཚང་མའི་བསམ་འཆར་ཉན་པ་དང་། ཟླ་རེར་ཟ་མ་དང་སྔོ་ཚོད་ལ་ལེགས་སྒྲིག་བྱེད་ཀྱིན་ཡོད་ལ། བརྩེ་སེམས་ཟ་ཁང་ནི་ང་ཚོའི་སྡེ་ཁུལ་གྱིས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་སྤེལ་བའི་འཚོལ་ཞིབ་ཐེངས་ཤིག་ཡིན”ཞེས་ཟུར་གསུམ་མཁར་སྡེ་ཁུལ་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཚུའེ་ཧྲེང་ཤིའུ་ཡིས་རྗེས་མ་ཟ་ཁང་དུ་ཟ་མ་ཟ་བའི་ཞབས་ཞུ་ལེགས་པོ་སྒྲུབ་པའི་རྨང་གཞིའི་སྟེང་། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། མི་གཤིས་ཅན་དང་ཞིབ་ཚགས་ཅན་གྱི་ཞབས་ཞུ་དེ་བས་མང་བ་རྒྱ་ཆེར་སྤེལ་ནས། བགྲེས་པོ་ཚོར་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་བརྟན་སྲུང་བྱ་རྒྱུ་ཡིན་ཟེར།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།