ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་པ་མི་ཐེངས་ཁྲི34.3སྐྱེལ་འདྲེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟི་ལིང་མེ་འཁོར་འབབ་ཚུགས་ནས་ཤེས་གསལ་ལྟར་ན། ཟླ4བའི་ཚེས29ཉིན་ནས་ཟླ5བའི་ཚེས6ཉིན་བར། ཟི་ལིང་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་པ་མི་ཐེངས་ཁྲི34.3སྐྱེལ་འདྲེན་བྱས་པ་དང་། ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི4.29ཟིན་ཞིང་། 2019ལོ་དང་བསྡུར་ན43.5%འཕར་ཡོད། དེའི་ཁྲོད་ཟླ5བའི་ཚེས1ཉིན་འགྲུལ་པ་ཆེས་མང་བ་དང་། ཉིན་གཅིག་ལ་འགྲུལ་པ་མི་ཐེངས་ཁྲི5.46སྐྱེལ་འདྲེན་བྱས། 

ཟི་ལིང་མེ་འཁོར་བབས་ཚུགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། གུང་གསེང་སྐབས་ཀྱི་ཡུལ་སྐོར་བ་ནི་ཡུལ་སྐོར་དང་གཉེན་ཉེར་སྐོར་རྒྱག་པ། ལས་ཞུགས་བྱེད་པར་འགྲོ་བ་བཅས་གཙོ་བོ་ཡིན་པ་དང་། གཙོ་བོ་ཁྲེང་ཏུའུ་དང་ཞི་ཨན། ལན་ཀྲོའུ། ལྷ་ས་སོགས་སུ་བསྐྱོད་བཞིན་ཡོད། འགྲུལ་བའི་འགྲོ་འོང་གི་དགོས་མཁོ་སྐོང་ཆེད། ཟི་ལིང་མེ་འཁོར་འབབ་ཚུགས་ཀྱིས་སྔ་མོ་ནས་བཀོད་སྒྲིག་བྱས་ནས། མེ་འཁོར་ཁ་སྣོན་དང་བསྐྱར་སྦྲེལ་བྱ་རྒྱུའི་རེ་ཞུ་བྱས་པ་དང་། གུང་གསེང་སྐབས་ཀྱི་འགྲུལ་བའི་སྐྱེལ་འདྲེན་སྒྲིག་འཛུགས་ཇུས་གཞི་འཐུས་ཚང་དུ་བཏང་སྟེ། འགྲུལ་བའི་བདེ་འཇགས་ཀྱི་གནད་འགག་གི་གོ་རིམ་ལ་ཤུགས་སྣོན་བྱས།

འགྲུལ་པའི་འགྲོ་འོང་གི་ཉམས་ལེན་ཆེ་རུ་གཏོང་ཆེད།“མཁའ་ལམ་བསྐལ་བཟང་མེ་ཏོག”ཞབས་ཞུ་རུ་ཁག་གིས“གཅིག་འཐུས་རྣམ་པ་དང་བརྒྱུད་རིམ་ཧྲིལ་པོར་ཞབས་ཞུ་སྒྲུབ་པའི་རྨང་གཞིའི་སྟེང་། དང་བླངས་པ་སྒྲིག་འཛུགས་བྱས་ནས་ས་ཚིགས་ཀྱི་འཛུལ་སྒོ་དང་འབུད་སྒོ། འཁོར་སྒུག་ཁང་། སྤ་སེ་འཚོང་ས། ཕྱིར་འབུད་བརྒྱུད་ལམ་སོགས་གནད་འགག་གི་ས་གནས་སུ་སྣེ་ཁྲིད་བློ་འདྲི་དང་། བདེ་འཇགས་དྲིལ་སྒྲོག གཙོ་གནད་རོགས་སྐྱོར་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། འགྲུལ་པར“བློ་བདེ་བ་དང་སེམས་སྐྱིད་པའི”ཞབས་ཞུ་བསྒྲུབས། ། 

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།