ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་ལྔ་གཅིག་གུང་གསེང་སྐབས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི312.5སྣེ་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་ཤེས་གསལ་ལྟར་ན། ལྔ་གཅིག་གུང་གསེང་སྐབས་མཚོ་སྔོན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི312.5སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར13.4ཟིན། དེ་དུས་མཚུངས་ལས་སོ་སོར19.6%དང13.8%འཕར་ཡོད། 

ལྔ་གཅིག་གུང་གསེང་སྐབས་སུ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ས་གནས་སོ་སོར་མཛུབ་ཁྲིད་བྱས་ནས། ངོ་མཚར་ཆེ་བའི་འཁྲབ་ཚན་གྲ་སྒྲིག་བྱས་ཏེ་གྲོང་མི་དང་ཡུལ་སྐོར་བར་གསོལ་སྟོན་ཆེན་པོ་བཤམས། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱིས་གསའ་ཡི་གཞི་རྒྱུ་དང་དམངས་སྲོལ་ཉམས་ལེན། རིག་རྩལ་འཁྲབ་སྟོན། ཁྱད་ལྡན་ཞིམ་ཟས། རིག་གནས་གསར་གཏོད་ཐོན་རྫས་བཅས་གཞི་གཅིག་ཏུ་འདུས་པའི་གཟིག་ཁྲོམ་གཞུང་དང་ནུབ་མཚོ་ལམ་གྱི་ཟས་ཁྲོམ་གཞུང་དེ་ཀྲུང་དབྱང་བརྙན་འཕྲིན་དུ་བསྟན། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་ནན་ཀོན་ཁྲོམ་གཞུང་དུ་མེ་ཏོག་དང་མི་རིགས་གྱོན་ཆས་འགྲེམས་སྟོན། ཁྱད་ལྡན་ཞིམ་ཟས་སོགས་ཀྱི་བྱེད་སྒོ་སྤེལ་ནས། རྒྱུན་མཐུད་ངང་ཀུན་ཏུ་ཁྱབ་པར་བྱས། ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས་མཉམ་འདྲེས་ཀྱི་ཕྱོགས་བསྡུས་སྒྲིག་གཞི་བསྐྲུན་ནས། རྟ་རྩེད་འཁྲབ་སྟོན་དང་མི་སྟོང་གི་གྱོན་གོས་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ། 

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱད་ལྡན་དམངས་སྲོལ་རིག་གནས་འགྲེམས་སྟོན་དང་། མི་རིགས་རིག་རྩལ་འཁྲབ་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་སོགས་རིག་གནས་ཡུལ་སྐོར་བྱེད་སྒོ30ལྷག་ཙམ་སྤེལ་ནས། ཡུལ་སྐོར་བར་ཕུན་སུམ་ཚོགས་པའི་རིག་གནས་ཉམས་ལེན་དང་མཐོང་ཚོར་ལོངས་སྤྱོད་བྱེད་དུ་བཅུག མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ཚོགས་ར་གཙོ་བོ་གླང་ཆེན་མཆེ་བའི་མཛེས་ལྗོངས་ཁུལ་དང་ལྷ་མོ་གཞོངས། སྨོན་ལམ་མཐོན་པོ་སྒང་མཛེས་ལྗོངས་ཁུལ་གྱི་ཡན་ལག་ཚོགས་ར་བཅས་སུ་རིག་རྩལ་འཁྲབ་སྟོན་དང་། གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས། ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས། དཔེ་དེབ་རིག་གནས་དངོས་མང་སྟོན་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ། 

ཕིན་ཨན་རྨ་ཙོང་དམངས་སྲོལ་རིག་གནས་ཉམས་ལེན་བྱ་ཡུལ་དུ་མེ་ཕུང་དགོང་ཚོགས་དང་། དམངས་སྲོལ་འཁྲབ་སྟོན་སོགས་སྤེལ་ནས་ཉིན་རེར་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་ཁྲི2ལྷག་ཙམ་སྣེ་ལེན་བྱས། ཞིང་ཆེན་རྟེན་རྫས་བཤམས་སྟོན་ཁང་གིས་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་དུས་གཅིག་ཏུ་སྤེལ་ནས། ལྟ་སྐོར་མི་གྲངས་མི་ཐེངས་ཁྲི1.74ཟིན། ཞིང་ཆེན་དཔེ་མཛོད་ཁང་གིས་སྐོར་སྐྱོད་དཔེ་དེབ་རླངས་འཁོར་མཛེས་ལྗོངས་ཁུལ་དུ་སྐྱོད་པ་སོགས་ཀྱི་བྱེད་སྒོ་ཐེངས30སྤེལ་ནས། ཞབས་ཞུའི་མི་གྲངས་མི་ཐེངས9880ཟིན། ཞིང་ཆེན་རིག་གནས་ཁང་གིས་མཚོ་སྔོན་རིག་རྩལ་རྟ་དམག་དམངས་ཕན་འཁྲབ་སྟོན་བྱས་ནས། ལྟད་མོ་བ་མི་ཐེངས་ཁྲི3.5ཟིན། །

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།