ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་གཅིག་གུང་གསེང་སྐབས་སུ་མཚོ་བྱང་ཁུལ་གྱི“རིག་གནས་ཡུལ་སྐོར+”ལ་གསོན་ཤུགས་རྒྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་ཤེས་གསལ་ལྟར་ན། ལྔ་གཅིག་གུང་གསེང་སྐབས་སུ། མཚོ་བྱང་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི7.5657སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་སྒོ་སྒོར་ཁྲི2784.33མངོན་འགྱུར་བྱུང་ལ། དུས་མཉམ་ལས་སོ་སོར5%དང14.65%འཕར། དེའི་ཁྲོད། ཐུང་པའོ་རི་བོའི་ལྗོངས་ཁུལ་དང་ཅིན་ཧྲ་ཝན། གངས་དཀར་རི་བོ། མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་སོགས་ཡུལ་སྐོར་བས་ལྗོངས་ཁུལ་དུ་བདམས་ཡོད། ལྔ་གཅིག་གུང་གསེང་སྐབས་སུ། མཚོ་བྱང་ཁུལ་གྱི་ལྗོངས་ཁུལ་མང་པོས་རྨང་གཞི་སྒྲིག་ཆས་འཐུས་ཚང་དང་། ཚོང་རའི་དོ་དམ་ལ་ཤུགས་བསྣན་ནས། ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། རྣམ་པ་གསར་བས་ཡུལ་སྐོར་གྱི་མཐོ་རླངས་བསུས། དེའི་སྐབས་སུ། སྔ་རྗེས་སུ་མཚོ་བྱང་ཁུལ་གྱི“‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་དང་།  ‘རྒྱལ་ཁབ་སྤྱི་གླིང་གཉིས’འཛུགས་སྐྲུན་ལེགས་པོ་བྱས་ཏེ་ལྔ་གཅིག་ཡུལ་སྐོར་དུས་ཚིགས་ལེགས་ཤོས་བསུ་བའི”རིག་གནས་བྱ་འགུལ་སྤེལ་བ་དང་། མཚོ་བྱང་ཁུལ་གྱི་མཚོ་སྔོན་པོའི་རྟ་རྒྱུག་འགྲན་བསྡུར། “རབ་མཛེས་མཚོ་སྔོན་མཐོ་སྒང་རྐང་དྲུག”འགྲན་བསྡུར་མཚོ་བྱང་འགྲན་ཁུལ(མདོ་ལའི)གདན་ཞུ་འགྲན་བསྡུར། “རི་མགོ་ཆུ་ཁུངས། རབ་མཛེས་མཚོ་སྔོན”སོགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་སྤེལ། མཚོ་བྱང་ཁུལ་དཔེ་མཛོད་ཁང་དང་རིག་གནས་ཁང་། ལུས་རྩལ་ཁང་སོགས་ཀྱིས་རིན་མེད་ངང་སྒོ་ཕྱེས་པ་དང་། གཙོ་གནད་ལྗོངས་ཁུལ22དང་། སྐར་མ་རིམ་པའི་ཟ་ཁང18ཀྱིས་དམིགས་བསལ་བྱེད་ཐབས་བཏོན། 

གླེང་འོས་པ་ཞིག་ནི། མཚོ་བྱང་ཁུལ་གྱིས“རིག་གནས་དང་ཡུལ་སྐོར”དང“ལུས་རྩལ་དང་ཡུལ་སྐོར”།“རིག་གནས་དངོས་མང་བཤམས་སྟོན་དང་ཡུལ་སྐོར”གྱི་རྣམ་པས་ཡུལ་སྐོར་ཚོང་ར་འཕེལ་རྒྱས་ལ་སྣེ་ཁྲིད་དེ། ཡུལ་སྐོར་དུས་ཚིགས་ལེགས་ཤོས་བསུས་པ་དང་། རིག་གནས་ལུས་རྩལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་གསར་སྐྲུན་གྱི་སྐུལ་འདེད་ནུས་པ་འདོན་སྤེལ་བྱས། བསྡོམས་རྩིས་བྱས་པ་ལྟར་ན། ཡུལ་སྐོར་བའི་ཁྲོད་ཧ་ལམ་མི་ཐེངས་ཁྲི5.6རང་མོས་ཡུལ་སྐོར་བ་ཡིན་པ་དང་། དེས་ཧ་ལམ་74%ཟིན་ཞིང་། ཚོགས་སྒྲུབ་ཡུལ་སྐོར་བ་མི་ཐེངས1.96ཡིན་པ་དང་། ཟིན་ཚད26%ཡིན་པ་རེད། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།