ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་གཅིག་གུང་གསེང་སྐབས་སུ་མཚོ་སྔོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་སྟེང་རྒྱུགས་པའི་རླངས་འཁོར་ཁྲི207.96ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་གསལ་བྱུང་བ་ལྟར་ན། ཟླ5པའི་ཚེས1ཉིན་གྱི་དུས་ཚོད0ནས་ཟླ5པའི་ཚེས5ཉིན་གྱི་དུས་ཚོད24བར་དུ། ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་སྟེང་རྒྱུགས་པའི་རླངས་འཁོར་ཁྲི207.96ཡིན་པ་དང་། 2023ལོ་ལས་དུས་མཉམ་ལས2.98%འཕར། འགན་སྲུང་རླངས་འཁོར་ཁྲི0.42ཡིན་པ་དང་། འགྲོ་གྲོན་སྒོར་ཁྲི87.41རིན་མེད་དུ་བཏང་།

ལྔ་གཅིག་གུང་གསེང་སྐབས་སུ། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱིས་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་འགྲོ་འོང་ལ་འགན་སྲུང་བྱས་པ་དང་། མྱུར་བགྲོད་གཞུང་ལམ་གྱི་འགན་སྲུང་ཤར་གཏོང་ནུས་ལྡན་ཡིན་ལ། འཕྲལ་བསྟུན་ལས་རེས་ཀྱིས་སྟོབས་ཤུགས་ཡོད་རྒུས་གཞུང་ལམ་བདེ་འཇགས་ཤར་གཏོང་ལ་འགན་སྲུང་བྱས། གྲོན་དངུལ་ལེན་ས་སོ་སོར་ལུགས་མཐུན་ངང་རླངས་འཁོར་འགྲོ་ས་བཀོད་སྒྲིག་བྱས་པ་དང་། འཁོར་རྒྱུག་ལྟ་སྐུལ་ཚད་ལེན་དང་རྒྱུན་ལྡན་མིན་པའི་གནས་ཚུལ་ཐག་གཅོད་ལ་ཤུགས་བསྣན། སྟབས་བདེའི་སྒྲིག་ཆས་སོགས་ཀྱི་བྱེད་ཐབས་སྤྱད་དེ་འགྲོ་འོང་ཕན་འབྲས་མཐོར་འདེགས་སུ་བཏང་བ་དང་། གཞུང་ལམ་དྲ་རྒྱའི་ལྟ་སྐུལ་ཚད་ལེན་དང་། གནམ་གཤིས་མི་ལེགས་པའི་སྔོན་བརྡར་ཤུགས་སྣོན། འགྲིམ་འགྲུལ་འགྲོ་འོང་བརྡ་འཕྲིན་དང་ལམ་གྱི་གནས་ཚུལ་བརྡ་འཕྲིན་ཁྱབ་བསྒྲགས་ཤུགས་དྲག་ཏུ་བཏང་སྟེ། ལུགས་མཐུན་ངང་འགྲོ་འོང་ལ་ཁྲིད་སྟོན་བྱས་ཤིང་། ཞབས་ཞུ་ས་གནས་སོ་སོས་བྱེད་ཐབས་འཐུས་ཚང་དང་། མཁོ་འདོན་འདང་ངེས། ཉེན་ཁ་རྩད་ཞིབ་བཅས་བྱས་ཏེ། ཞབས་ཞུ་འགན་སྲུང་བྱས། ཏང་ཡོན་རུ་ཁག་དང་ལོ་ཆུང་དང་བླངས་ཞབས་ཞུ་རུ་ཁག་གིས། རླངས་འཁོར་ཁ་ལོ་བར་ལམ་ཐིག་བློ་འདྲི་དང་། དོགས་གནད་སེལ་བ། བརྩེ་སེམས་རོགས་རམ་སོགས་ཀྱི་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱས་ཏེ། སྤྱི་ཚོགས་ཞབས་ཞུ་དང་དམངས་ཚིས་ཞབས་ཞུ་བྱ་བ་ལེགས་པོར་སྒྲུབ་ནས། མི་དམངས་ཡིད་ཚིམ་པའི་འགྲོ་འོང་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱས། །

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།