ཀྲུང་གོ་བོད་ཀྱི་དྲ་བ།

བགོ་བཤའ་རྒྱག་པའི་དུས་ལ་སླེབས་སྐབས་སྡེ་མི་ཚོའི་གདོང་ལ་འཛུམ་གྱིས་ཁེངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ཐེངས་གཉིས་པར་བགོ་བཤའ་བརྒྱབ་ཅིང་། ང་ལ་སྒོར15000ཐོབ། ཁྱིམ་དུ་ཡང་སྒོར་མོ་ཐོན་བྱུང་། ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ”། ཟླ4པའི་ཚེས29ཉིན། ད་ལོའི་སྒོར་གྲངས་གལ་ཆེན་ཞིག་བཤད་ན། ཆོས་རྒྱས་སྡེ་བའི་སྡེ་མི་ལྷ་དཔལ་རྒྱལ་གྱི་གདོང་ལ་འཛུམ་གྱིས་ཁེངས་ཤིང་། ཁོའི་ཁྱིམ་གྱི་རྩྭ་ས་སྤྱི་ཆིང66.67དང་ལུག80མཉམ་ལས་ཁང་དུ་མ་རྐང་དུ་བཞག ན་ནིང་གི་ལོ་མཇུག་ཏུ་ཐེངས་གཅིག་ལ་ཁེ་ཕོགས་ཀྱི་བགོ་བཤའ་བརྒྱབ། ཁོའི་བསམ་ཡུལ་ལས་འདས་པར་ད་དུང་ཐེངས་གཉིས་པའི་བགོ་བཤའ་ཡོད་པ་རེད། 

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཆོས་རྒྱས་སྡེ་བ་དེ་སྲོལ་རྒྱུན་གྱི་འབྲོག་ལས་སྡེ་བ་ཞིག་ཡིན་ལ། གཞི་ཁྱོན་ཅན་གྱི་གསོ་སྤེལ་བ་ལས། སྡེ་བའི་ནང་དུ་ཐོན་ལས་གཞན་མེད་ཅིང་། འབྲོག་དམངས་ཀྱི་ཡོང་སྒོར་དེ་ལས་མང་པོའི་ཐབས་ལམ་གཞན་མེད་པ་དང་། ཡོང་སྒོ་འཕར་སྣོན་དེ“སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང”གི་སེམས་ཁུར་བྱེད་པའི་དོན་དག་ཅིག་ཏུ་གྱུར་ཡོད། 

2023ལོར། གསོ་སྤེལ་ར་བའི་སྲོལ་རྒྱུན་གྱི་ནོར་ལུག་སྒོར་བཙོང་བའི་དུས་ཡུན་རིང་བ་དང་ཁེ་ཕན་དམའ་བ། སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་མི་ལེགས་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཆོས་རྒྱས་ཤང་གིས་རྫོང་ཨུའི་རོང་འབྲོག་ལས་བཅོས་བསྒྱུར་བྱ་བའི་བླང་བྱ་ལྟར། ཞིང་ཕྱུགས་ལས་བཅོས་བསྒྱུར་གྱི“ལྔ་བསྒྱུར”དང“ཚོང་གཉེར་རྣམ་པ་ལྔ”ཡིས། སྡེ་བ་སོ་སོར་ཚོང་གཉེར་རྣམ་པ་མི་འདྲ་བའི་སྣེ་ཁྲིད་དང་སྐུལ་མ་བྱས། 

ཆོས་རྒྱས་སྡེ་བའི“སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང”རྩ་འཛུགས་ཀྱིས་སྡེ་དམངས་ཚོགས་ཆེན་བསྡུས་ཏེ་ཞིབ་འཇུག་བགྲོ་གླེང་བྱས་ཏེ། ཆོས་རྒྱས་སྡེ་བའི་གཞི་ཁྱོན་གསོ་སྤེལ་བྱེད་རྒྱུར་ཐག་བཅད་ཅིང་། ལོ་རེར་སྒོར་ཁྲེི25ཡི་རིན་གོང་གིས། ཀྲིག་ཧུ་ཐའོ་ཆ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཚོང་གཉེར་བྱེད་པར་གླ་རྒྱུ་དང་། གླ་རིན་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཐད་བཀོལ། 2023ལོའི་ཟླ4པར། མཉམ་ལས་ཁང་གིས་མ་རྐང་བསྡུ་ལེན་གྱི་སྡེ་མི་དུད་ཁྱིམ13གྱི། མ་མོ805དང་རྩྭ་ས་སྤྱི་ཆིང706.67གཅིག་སྒྲིལ་བྱས་ཏེ། ཐེངས་དང་པོའི་ཁེ་ཕོགས་བགོ་བཤའ་བརྒྱབ། འོན་ཀྱང་། སྡེ་མི་ཁ་ཤས་ཀྱིས་མ་རྐང་དུ་བཞག་ན་སྒོར་བཙལ་མི་ཐུབ་པར་མ་ཟད། མ་རྩ་ཡང་ལྡིབ་འགྲོ་བར་བསམ་ནས་བསྡད་པ་རེད། 

“ད་ལྟ་སྡེ་བའི་ནང་དུ་མཉམ་ལས་ཁང་བཙུགས་ཤིང་། དེས་སྡེ་བའི་ཏང་ཀྲི་པུའུ་ལ་སྒོར་མོ་ཡོད་པ་མ་ཟད་ལས་སྒྲུབ་ནུས་ཤུགས་མཐོར་འདེགས་སུ་བཏང་བ་དང་། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གནད་དོན་ཡང་དེ་སྔོན་ལས་ཇེ་ལེགས་སུ་སོང་བ་དང་། ཐེངས་གཉིས་པའི་བགོ་བཤའ་མཇུག་སྒྲིལ་རྗེས། མང་ཚོགས་མི་ཉུང་བ་ཞིག་གིས“སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང”བཙལ་ཏེ། རང་ཉིད་ཀྱི་རྩྭ་ས་དང་ནོར་ལུག་མ་རྐང་དུ་འཇོོག་བསམ་ལ། སྔར་ལས་མང་པོའི་མང་ཚོགས་དེའི་ཁྲོད་དུ་ཞུགས་ཤིང་། གཞི་ཁྱོན་རྒྱ་བསྐྱེད་རྗེས་སྡེ་བ་འཕེལ་རྒྱས་སུ་སོང་། ཆོས་རྒྱས་ཤང་སྲིད་གཞུང་གི་ཤང་ཀྲང་ཚེ་རིང་ཐར་གྱིས་བཤད་རྒྱུར། གྲོང་གསེབ་དར་སྤེལ་ནི་ཞིང་ལས་དར་རྒྱས་དང་། ཞིང་སྡེ་མཛེས་སྡུག་ཅན། མང་ཚོགས་འབྱོར་ཕྱུག་གི་ལས་དོན་གལ་ཆེན་དུ་བྱས་ཤིང་། ཆོས་རྒྱས་ཤང་གིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་མཚུངས་སུ། ཧུར་ཐག་གིས་ཆོས་རྒྱས་ཤང་གི་གྲོང་གསེབ་དར་སྤེལ་དཔེ་སྟོན་ལས་གཞི་འཛུགས་སྐྲུན་བརྩོན་ལེན་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་བསྩལ་བ་དང་། རོང་འབྲོག་དམངས་ཀྱི་ཡོང་སྒོ་འཕར་སྣོན་དུ་བཏང་སྟེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མཐོ་རུ་བཏང་ཡོད་ཟེར། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།