ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཤར་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སློབ་ཕྱིའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོ་ཁྱོན་ཡོངས་ནས་སྤེལ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་། “མཚོ་ཤར་གྲོང་ཁྱེར་གྱི་ཞིབ་འཇུག་སློབ་སྦྱོང”གི་མིང་རྟགས་ཧུར་ཐག་སྒོས་གསར་སྐྲུན་བྱ་ཆེད། ཟླ4པའི་ཚེས26ཉིན་མཚོ་ཤར་གྲོང་ཁྱེར་གྱིས2024ལོའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སློབ་གྲྭའི་ཕྱིའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་བྱེད་སྒོར་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས།

མཚམས་སྦྱོར་བྱས་པར་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱིས་ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་སློབ་གསོ་དེ་སྔར་བས་གལ་འགངས་ཆེ་བའི་བྱ་བའི་གཙོ་གནད་སྟེང་བཞག་ནས། ས་གནས་དེ་གའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྩ་འཛུགས་བྱས་ཏེ་རྫོང་དང་ཆུས། ཁག་དབྱེ་ནས་སྣ་མང་ཕུན་སུམ་ཚོགས་པའི་ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་བྱེད་སྒོ་སྤེལ་རྒྱུ་ཡིན་ལ། ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་ཆེད། 2024ལོར་སློབ་གྲྭ་ཆུང་འབྲིང་སློབ་མའི་སྤྱི་ཚོགས་ལག་ལེན་སློབ་གསོའི་ལྟེ་གནས་སྟེགས་བུ་གཙོར་བྱས་ནས་ལི་ཏུའུ་ཆུས་དང་ཕིན་ཨན་ཆུས། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་དམའ་རིམ་སློབ་འབྲིང་སློབ་གྲྭའི་ལོ་རིམ་བདུན་པ་དང་བརྒྱད་པའི་སློབ་མ་བཀོད་སྒྲིག་བྱས་ཏེ། ཞིབ་འཇུག་སློབ་སྦྱོང་ལག་ལེན་བྱེད་སྒོ་སྤེལ་བ་མ་ཟད། རྫོང་དང་ཆུས་གཞན་དག་ནས་རིམ་བཞིན་དོན་འཁྱོལ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། 

“སློབ་ཕྱིའི་ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་སློབ་གསོའི་བྱེད་སྒོ་སྤེལ་བ་བརྒྱུད། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རང་སྐྱོང་ནུས་པ་དང་སྤྱི་ཚོགས་ལ་ཤེས་རྟོགས། གསར་གཏོད་སྙིང་སྟོབས། ལག་ལེན་ནུས་པ་བཅས་ཆེ་རུ་ཕྱིན་ནས་སློབ་མས་ཞིབ་འཇུག་སློབ་སྦྱོང་ཁྲོད་ཀྱི་བསམ་ཚུལ་ཟབ་མོ་སྦྱོང་བརྡར་བྱེད་ཐུབ་པ་མ་ཟད་ལག་ལེན་ཁྲོད་ཀྱི་ཤེས་བྱ་དང་རྩལ་ནུས་ཀྱང་ཆེ་རུ་འགྲོ་ཐུབ”ཅེས་མཚོ་ཤར་གྲོང་ཁྱེར་སློབ་གསོ་ཅུའུ་ཡི་འགན་འཁུར་བས་མ་འོངས་བ་མུ་མཐུད་དུ་ཀུན་སྤྱོད་དང་མི་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ནས། སློབ་སྦྱོང་སློབ་གསོ་དེ་སློབ་གྲྭའི་སློབ་གསོ་དང་སློབ་གྲྭའི་ཕྱིའི་སློབ་གསོ་སྦྲེལ་མཐུད་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཏུ་བརྩིས་ནས་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་འབད་པ་བྱ་རྒྱུ་ཡིན་ཟེར།

ཉེ་བའི་ལོ་འགའི་རིང་མཚོ་ཤར་གྲོང་ཁྱེར་གྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སྤྱི་ཚོགས་ལག་ལེན་སློབ་གསོའི་ལྟེ་གནས་སྟེགས་བུ་གཙོར་བྱས་ནས། ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་སློབ་གསོའི་ལས་དོན་མུ་མཐུད་དུ་སྤེལ་བ་བརྒྱུད། སློབ་མར་འཚོ་གནས་ཉམས་ལེན་དང་བྱང་ཚད་རྒྱ་བསྐྱེད་པ། ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་དང་ཆེད་དོན་སློབ་གསོ་བཅས་རབ་དང་རིམ་པ་བཞིའི་ལག་ལེན་བྱེད་སྒོ40ལྷག་སྤེལ་བའི་ཁྲོད་ཤེས་བྱ་སློབ་བ་དང་མཐོང་རྒྱ་ཆེ་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་པར་སྐུལ་འདེད་བྱ་རྒྱུ་རེད།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།