ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས“བྱེད་ཐབས་ལྔ”སྤྱད་དེ་ཞིང་ཆེན་ཡོངས་ཀྱི་ཁྱིམ་ལས་ཞབས་ཞུའི་བྱེད་སྒོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས2ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་གསལ་ལྟར་ན། ཉེ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རང་འགུལ་ངང་ཞིང་ཆེན་ཁྱིམ་ལས་ཞབས་ཞུའི་བྱེད་སྒོའི་མཐུན་ཚོགས་དང་ཞིང་ཆེན་ནང་ཁུལ་གྱི་ཁྱིམ་ལས་ཀུང་ཟི་སྐོར་ཞིག་ལ་སྦྲེལ་མཐུད་བྱས་ཏེ། རྟོག་ཞིབ་དང་འབྲེལ་འདྲིས་བརྗེ་རེས་གང་ལེགས་བྱས་པའི་རྨང་གཞིའི་སྟེང་ནུས་རྩལ་འགྲན་སྡུར་དང་འཛད་སྤྱོད་རོགས་སྐྱོར། ནུས་རྩལ་སྦྱོང་བརྡར། ཚོགས་པ་བཙུགས་ནས་ཞུགས་པ། དཔེ་སྟོན་སྣེ་ཁྲིད་བཅས་དོན་དངོས་བྱེད་ཐབས་ལྔ་གཏན་འབེབས་བྱས་པ་དང་། རང་ཞིང་གི་ཁྱིམ་ལས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།

ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྱིམ་ལས་ཞབས་ཞུའི་བྱེད་སྒོའི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་། 《མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི་ཁྱིམ་ལས་ཞབས་ཞུའི་བྱེད་སྒོའི་བཟོ་ལས་ལས་རིགས་ནུས་རྩལ་འགྲན་སྡུར་ཇུས་གཞི》ཞིབ་འཇུག་གཏན་འབེབས་བྱས་ནས། ཟླ8པའི་ཟླ་སྟོད་དུ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནས་མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི་ཁྱིམ་ལས་ནུས་རྩལ་འགྲན་སྡུར་ཆེན་མོ་སྤེལ་ཞིང་། མཚོ་སྔོན་གྱི་ཁྱིམ་ལས་ཞབས་ཞུའི་ཚོང་རྟགས་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།

《མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འཛད་སྤྱོད་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས་ཁྱིམ་ལས་ཞབས་ཞུ་ཉོ་བའི་སྐོར་གྱི་བརྡ་ཐོ》འགྲེམ་སྤེལ་བྱས་ཐོག ཁྱིམ་ལས་ཞབས་ཞུ་དེ་སྲིད་གཞུང་གིས་དབུལ་ཕོངས་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་ཉོ་བསྡུ་བྱེད་པའི་མ་ལག་ནང་བཞག་པ་དང་། ཆེད་སྤྱོད་མ་དངུལ་བཏང་སྟེ་ཞིང་ཆེན་གྱི་ཁྱིམ་ལས་ཞབས་ཞུའི་བྱེད་སྒོའི་མཐུན་ཚོགས་སྟེགས་བུ་དང་། ཧུའུ་ཀྲུའུ་ཁྱིམ་ལས་སྟེགས་བུའི་འཁོར་རྒྱུག་དང་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱས་ཏེ། དོན་དངོས་སྟེང་ཞིང་ཆེན་ཡོངས་ཀྱི་ཁྱིམ་ལས་ཞབས་ཞུའི་སྤུས་ཚད་ཇེ་མཐོར་དང་རྒྱ་བསྐྱེད་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།

2024ལོ་ནས་བཟུང་ལོ་རེར་ཆེད་སྤྱོད་མ་དངུལ་ཁྲི30བཀོད་སྒྲིག་བྱས་ཏེ། ཁྱིམ་ལས་ཞབས་ཞུའི་བྱེད་སྒོའི་ལས་རིགས་མཐུན་ཚོགས་ཀྱིས་དུས་རིམ་དང་སྐོར་ཐེངས་བགོས་ནས་ཁྱིམ་ལས་གཙང་སྦྲ་མཁན་དང་མ་བུ་གཉོར་སྐྱོང་བྱེད་མཁན། རྒན་པ་གཉོར་སྐྱོང་བྱེད་མཁན་བཅས་རྩ་འཛུགས་བྱས་ནས་གསོ་སྦྱོང་བྱ་རྒྱུ་ཡིན་པ་དང་། མ་དངུལ་སྒོར་ཁྲི20བཏང་ནས་ཁྱིམ་ལས་གསོ་སྦྱོང་མཁན་གྱི་ནུས་རྩལ་གསོ་སྦྱོང་མཐོར་འདེགས་འཛིན་གྲྭ་བསྡུས་ནས་ཁྱིམ་ལས་ཞབས་ཞུའི་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་གཏོང་བར་སྐུལ་འདེད་བཏང་།

ཁྱིམ་ལས་ཞབས་ཞུ་སོགས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཚོགས་པ་བཙུགས་ནས། ཚོགས་པ་ནང་ཞུགས་སུ་འཇུག་པ་གཙོ་གནད་དུ་བྱས་ཤིང་། ཁྱིམ་ལས་གཉེར་བར་འཚམ་པའི་མི་སྣའི་ཁྱད་ཆོས་ལྡན་པའི་ཚོགས་ཞུགས་རྣམ་པ་དང་ཚོགས་པ་འཛུགས་པའི་བྱེད་ཐབས་འཚོལ་ཞིབ་བྱས་པ་བརྒྱུད། ཁྱིམ་ལས་ཞབས་ཞུའི་ལས་རིགས་ཀྱི་ཚོགས་པ་བཙུགས་ནས་དེར་ཞུགས་པའི་བྱ་བའི་རིམ་པ་མྱུར་དུ་འཕར་བ་མངོན་འགྱུར་བྱས་པ་མ་ཟད། དེའི་ཞོར་དུ་ཞིང་བ་ལས་བཟོ་བར་རིན་མེད་དུ་ལུས་ཕུང་བརྟག་དཔྱད་བྱེད་པ་དང་། ལས་ཡུལ་དང་པོའི་ལས་བཟོ་བའི་ནད་གསོ་དང་ལས་བཟོ་བའི་སྨན་བཅོས་འགན་སྲུང་སོགས་ཀྱི་ཐད་ནས་ཞིང་ཆེན་ཡོངས་ཀྱི་ཁྱིམ་ལས་ལས་རིགས་དང་ཕན་ཚུན་རོགས་འདེགས་ཁྱིམ་ལས་ཁེ་ལས་ལ་ཁ་ཕྱོགས་རྒྱུ་རེད།

ཁྱིམ་ལས་ལས་གཉེར་མི་སྣའི་སྔོན་ཐོན་དཔེ་སྟོན་དྲིལ་སྒྲོག་བྱས་ཤིང་། “ལྔ་གཅིག”ངལ་རྩོལ་བྱ་དགའ་དང“ལས་བཟོ་བའི་གདོང་ལེན་པའི”གཟེངས་བསྟོད་འདེམ་བསྐོའི་ཁྲོད་དམིགས་བསལ་གྱིས་གཟིགས་སྐྱོང་ཡོད་པར་བྱས་ནས། རྒྱ་ཆེའི་ཁྱིམ་ལས་ཞབས་ཞུའི་ལས་རིགས་གཉེར་མཁན་གྱི་ལས་གཏོད་ཀྱི་དགའ་ཞེན་ཆེ་རུ་གཏོང་བར་སྐུལ་འདེད་བྱས།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།