ཀྲུང་གོ་བོད་ཀྱི་དྲ་བ།

“ལྔ་གཅིག”གུང་གསེང་སྐབས་སུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་བབ་བརྟན་འཇགས་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལྔ་གཅིག”གུང་གསེང་གི་སྐབས་སུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་བབ་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་དང་།  ཚེས5ཉིན་གྱི་ཆུ་ཚོད17བར་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་གནད་དོན་དང་རང་བྱུང་གནོད་འཚེའི་ཐོལ་བྱུང་དོན་རྐྱེན་བྱུང་བའི་སྙན་ཞུ་འབྱོར་མེད།

དུས་ཆེན་མ་བཏང་སྔོན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་། མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་ཆེད་དུ་བརྡ་སྦྱོར་དཔར་འགྲེམ་བྱས།  ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ཆེད་དོན་ཚོགས་འདུ་བསྡུས་ནས་གུང་གསེང་གི་བདེ་འཇགས་དོགས་ཟོན་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། ཀོང་ཏུང་ཞིང་ཆེན་མེ་ཀྲོའུ་མེ་ཏ་མྱུར་བགྲོད་གཞུང་ལམ་རྡིབ་པའི་དོན་རྐྱེན་བྱུང་རྗེས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་ནན་མོ་བྱས་པ་དང་།  མགོ་ཁྲིད་གཙོ་བོ་རྣམས་ཀྱིས་བྱ་བར་བླང་བྱ་བཏོན་པ་མ་ཟད་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས། 

དུས་ཆེན་སྐབས་སུ་མཚོ་སྔོན་ཞིང་ཆེན་ཐོལ་བྱུང་སྤྱི་བའི་དོན་རྐྱེན་འཕྲལ་བསྟུན་དོ་དམ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གིས་སྔ་རྗེས་སུ་བརྙན་ལམ་བཀོད་གཏོང་ཐེངས་ལྔ་བཀོད་སྒྲིག་བྱས་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ནུས་ཤུགས་ཡོད་རྒུས་མཉམ་ལས་མཐུན་སྦྱོར་དང་། སྔོན་ནས་ཇུས་འགོད། བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ཏེ་མགོ་ཁྲིད་ལས་བྱེད་པས་འཛིན་གྲྭར་སྣེ་ཁྲིད་པ་དང་། འཕྲལ་བསྟུན་ལས་རེས་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས་དུས་ཆེན་སྐབས་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གིས་གསལ་རྟོགས་ལྐོག་འདྲིའི་ཚོགས་ཆུང4བཙུགས་ནས་ཟི་ལིང་དང་མཚོ་ཤར་ས་ཁུལ་དུ་སོང་སྟེ་མི་སྣ་འདུ་འཛོམས་ཆེ་སའི་མེ་ཟོན་བདེ་འཇགས་དང་། རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་འགོག་བཅོས། གཏེར་རི་དང་ཉེན་ཁ་ཡོད་སའི་གནས།  བཟོ་ཚོང་། འབར་རླངས། འགྲོ་ལམ་འགྲིམ་འགྲུལ། འཛུགས་སྐྲུན་ཨར་ལས།   དམིགས་བསལ་གྱི་སྒྲིག་ཆས་སོགས་ཁྱབ་ཁོངས་གཙོ་བོ་དག་གི་མངོན་མེད་རྐྱེན་ངན་ལ་དམིགས་ཏེ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས། ཁེ་ལས་དང་ལས་ཁུངས30ལ་ཟུར་བཤེར་དང་ཞིབ་བཤེར་བྱས་པས།  མངོན་མེད་རྐྱེན་ངན45ལ་གྲལ་བཤེར་བྱས་པ་མ་ཟད་དུས་ཐོག་ཏུ་བཅོས་སྒྱུར་བྱེད་པར་སྐུལ་འདེད་བཏང་། 

 ཟླ5པའི་ཚེས5ཉིན་གྱི་ཆུ་ཚོད16བར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིབ་བཤེར་ཚོགས་ཆུང2057བཏང་བ་དང་། ཞིབ་བཤེར་མི་སྣ་མི་ཐེངས5626བཏང་། ཁེ་ལས7151ལ་ཞིབ་བཤེར་བྱས་པས། གནད་དོན་དང་མངོན་མེད་རྐྱེན་ངན་ཁག1779ཤེས་རྟོགས་བྱུང་། ས་གནས་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ལམ་ངོས་ཀྱི་ཁྲིམས་འཛིན་ཉེན་རྟོག་སྟོབས་ཤུགས་མི་ཐེངས4453བཏང་བ་དང་ཉེན་རྟོག་རླངས་འཁོར་ཐེངས1151བཏང་། འགྲིམ་འགྲུལ་ཉེན་རྟོག་གི་ཁྲིམས་འཛིན་ཞིབ་བཤེར་ས་ཚིགས42བཙུགས།  །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།