ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་གསར་དུ་བཙས་པའི་བྱིས་པའི་སྐྱེས་ཡིག་ལ་བརྟེན་ནས་སྨན་བཅོས་འགན་སྲུང་ནང་ཞུགས་ཆོག་པར་གཏན་འབེབས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་པ་ལྟར་ན། སྨན་བཅོས་འགན་སྲུང་ཞབས་ཞུའི་ཁྱབ་ཁོངས་ཀྱི་ནུས་ལྡན་སྒོས་ལས་དོན་སྒྲུབ་པའི་ཆེད་དུ་མཚོ་སྔོན་གྱིས་གསར་དུ་བཙས་པའི་བྱིས་པའི《སྐྱེས་ཡིག》ལ་བརྟེན་ནས་སྨན་བཅོས་འགན་སྲུང་སྒྲུབ་ཆོག་པར་མ་ཟད། མགྱོགས་མྱུར་སྒོས་སྨན་བཅོས་འགན་སྲུང་ནང་ཞུགས་ནས་སྨན་བཅོས་འགན་སྲུང་གི་ཐོབ་ཐང་ལོངས་སྤྱོད་བྱེད་པར་སྟབས་བདེ་བསྐྲུན། 

མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ངེས་པར་དུ་སྟབས་བདེ་བསྐྲུན་དགོས་པའི་རྩ་དོན་གཞིར་བཟུང་ནས། སྔོན་ཆད་གསར་དུ་བཙས་པའི་བྱིས་པའི་སྨན་བཅོས་འགན་སྲུང་བསྒྲུབ་སྐབས་ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོ་དགོས་པ་དེ་ད་ལྟ་སྟབས་བདེ་རུ་བཟོས་ནས། བྱིས་པའི་སྐྱེས་ཡིག་ཡོད་ཚེ་སྨན་བཅོས་འགན་སྲུང་ནང་ཞུགས་ཆོག་པ་དང་གྲོན་དངུལ་སྤྲད་ཆོག་པ།  ས་གནས་ཀྱི་ཁྱིམ་ཐོའི་ཚོད་འཛིན་མེད་པ། རང་འགུལ་སྒོས་འགན་སྲུང་བྱ་ཡུལ་སྙན་ཞུ་ཞུས་ཆོག་པར་མ་ཟད། རིམ་པ་སོ་སོའི་ལས་དོན་མི་སྣས་དུས་ཐོག་ཏུ་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་བླང་བྱ་གཞིར་བཟུང་ནས། གསར་དུ་བཙོས་པའི་བྱིས་པའི་སྨན་བཅོས་འགན་སྲུང་གི་ཐོ་འགོད་དེ་སྨན་བཅོས་འགན་སྲུང་སྲིད་དོན་ཞབས་ཞུའི་ཞིང་ཆེན་ཡོངས་སུ་སྒྲུབ་ཆོག་པའི་གཏན་འབེབས་བྱས་ནས། ཁྱིམ་བདག་གིས་སྨན་བཅོས་གྲོན་དངུལ་སྤྲོད་པ་དང་རང་ས་གནས་སུ་སོང་ནས་སྨན་བཅོས་འགན་སྲུང་གི་འགྲོ་ལུགས་བསྒྲུབ་དགོས་པའི་གནད་དོན་སོགས་ཐག་གཅོད་བྱས། ། 

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།