ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས“དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བའི”བྱ་འགུལ་ཐེངས་བཞི་བ་བཀོད་སྒྲིག་བྱས།

ཡོང་ཁུངས། : ​ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲུང་བཅའ་ཁྲིམས་ཁྱབ་གདལ་མཐུན་འགྲིག་ཚན་ཆུང་དང་། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་བརྡ་སྦྱོར་དཔར་འགྲེམ་བྱས་པ་དང་། ཟླ5པར་ཞིང་ཆེན་ཡོངས་སུ“དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བའི”བྱ་འགུལ་ཐེངས་བཞི་བ་བཀོད་སྒྲིག་བྱ་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཙོ་གནད་དུ་བཟུང་ནས། ཚོང་རའི་གཙོ་གཞི་དང་མི་དམངས་མང་ཚོགས་ཀྱི་སེམས་ཁུར་དང་རེ་སྒུག་བྱེད་པའི་གནད་དོན་ལ་དམིགས་ཏེ། དམངས་དོན་ཁྲིམས་གཞུང་སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་གཏིང་ཟབ་སྒོས་སྤེལ། དམངས་དོན་ཁྲིམས་གཞུང་ལ་སློབ་སྦྱོང་བྱེད་པའི་དུས་མཚུངས་སུ། གཙོ་གནད་སྒོས་འདྲ་མཉམ་དང་རང་མོས། དྲང་བཞག ཡིད་རྟོན་སོགས་དམངས་དོན་བྱ་འགུལ་གྱི་གཞི་རྩའི་རྩ་དོན་དང་གཙོ་གཞིའི་འདྲ་མཉམ་སོགས་རྒྱུན་འཁྱོངས་དང་། རྒྱུ་ནོར་དབང་ཆར་སྲུང་སྐྱོང་དང་སྟབས་བདེའི་ཉོ་ཚོང་། མི་གཞིར་བརྩི་མཐོང་། ཁྱིམ་ཚང་འཆམ་མཐུན། དབང་ཆར་རྒོལ་བར་རྩད་གཅོད་སོགས་གཞི་རྩའི་བླང་བྱ་དང་། ཁྲིམས་སྐྱོང་ཅན་ཇེ་ལེགས་སུ་གཏོང་བའི་ཚོང་གཉེར་ཁོར་ཡུག་གི་འབྲེལ་ཡོད་གཞི་རྩའི་རྩ་དོན། གཞི་རྩའི་རྩ་དོན་དང་འབྲེལ་ཡོད་གཏན་ཁེལ། གཙོ་གནད་སྒོས་ཐོན་སྐྱེད་དབང་ཆའི་སྲུང་སྐྱོང་། གན་རྒྱའི་ལག་བསྟར། ཚོང་རའི་གོ་རིམ་སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་ནང་དོན་སློབ་སྦྱོང་དྲིལ་སྒྲོག་བྱས་ཏེ། ཚོང་གཉེར་ཁོར་ཡུག་ལ་སྲུང་སྐྱོང་བྱས། 

བྱ་འགུལ་སྐབས་སུ། རང་ཞིང་གིས་དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བའི་བྱ་འགུལ་སྤེལ་བ་དང་། རིག་གནས་ཚན་རྩལ་འཕྲོད་བསྟེན“གཞི་རིམ་དུ་བསྐྱོད་པ་གསུམ”དང“དམངས་དོན་ཁྲིམས་གཞུང”དཔེ་སྟོན་བྱ་འགུལ་སྤེལ་བ་དང་། “ཁྲིམས་སྐྱོང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ”རྒྱང་སྒྲོག་བཅའ་ཁྲིམས་ཁྱབ་གདལ་ལེ་ཚན་སྤེལ་བ། “བུད་མེད་བཅའ་ཁྲིམས་ཁྱབ་གདལ་ཞིང་སྡེར་བསྐྱོད་པ”སོགས“བཅའ་ཁྲིམས་དགུ་བསྐྱོད”བྱ་འགུལ་སྤེལ་ཏེ། བྱ་འགུལ་དོན་འཁྱོལ་ནུས་ལྡན་ཡོང་བར་ཁག་ཐེག་བྱས། དུས་མཚུངས་སུ། སྤྱི་དམངས་ཁྲིམས་སྐྱོང་སྤུས་ཚད་མཐོར་འདེགས་ལག་བསྟར་དང་ཟུང་འབྲེལ་སྒོས། མགོ་ཁྲིད་ལས་བྱེད་པར་ཤུགས་སྣོན་དང་། ཁྲིམས་ལུགས་ལག་བསྟར་མི་སྣ། ཁེ་ལས་ཚོང་གཉེེར་དོ་དམ་མི་སྣའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན། དམངས་དོན་ཁྲིམས་གཞུང་གཞིར་བཟུང་སྟེ། སྡེ་སྲོལ་དམངས་ཆིངས་བཟོ་བཅོས། ཁྱིམ་སྲོལ་གཏན་ཁེལ། བཟོ་བཅོས་སོགས་ཀྱི་བྱ་འགུལ་རྩ་འཛུགས་བྱས་ཏེ། ཁྲིམས་ལེགས་སྐུལ་འདེད་དང་། གཞི་རིམ་སྤྱི་ཚོགས་ལ་གསོན་ཤུགས་དང་འཆམ་མཐུན་གོ་རིམ་ལྡན་པར་སྐུལ་འདེད་གཏོང་རྒྱུ་རེད། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།