ཀྲུང་གོ་བོད་ཀྱི་དྲ་བ།

མགོ་ལོག་ཁུལ་ལོ་ཆུང་གཞོན་ནུའི་རོལ་ཆའི་ཚོགས་པས་ཧྲན་ཏུང་དུ་འཁྲབ་སྟོན་བྱས་པ་མ་ཟད་བྱ་དགའ་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས5ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། “ལྔ་གཅིག”གུང་གསེང་སྐབས་སུ། ཧྲན་ཏུང་ཞིང་ཆེན་རིའི་ཀྲའོ་གྲོང་ཁྱེར་དུ་སྤེལ་བའི་རོལ་ཆའི་འཁྲབ་སྟོན་གྱི“ཀྲུང་ཧྭ་རྟགས་མའི”ཀྲུང་གོའི་སྐབས་བཅུ་བདུན་པའི་ཕུལ་བྱུང་རོལ་ཆའི་ཚོགས་པའི་འཁྲབ་སྟོན་བྱ་འགུལ་སྟེང་། ཀྲུང་གོའི་བོད་རིགས་ལོ་ཆུང་གཞོན་ནུའི་རོལ་ཆའི་ཚོགས་པ“མགོ་ལོག་ཁུལ་ལོ་ཆུང་གཞོན་ནུའི་རོལ་ཆའི་ཚོགས་པའི”བྱ་འགུལ་སྟེང་ཐོག་མར་ཞུགས་པ་མ་ཟད་ཚོགས་པའི་བྱ་དགའ་ཐོབ། 

“ཀྲུང་ཧྭ་རྟགས་མའི”ཀྲུང་གོའི་ཕུལ་བྱུང་རོལ་ཆའི་ཚོགས་པའི2004ལོར་གསར་དུ་སྒྲུབ་པའི་རིང་ལ། པེ་ཅིན་དང་ཧྲང་ཧའེ་སོགས་ས་གནས་སུ་སྐབས16ལ་སྤེལ་བ་དང་། ད་ལྟ་རྒྱལ་ནང་གི་གཞི་ཁྱོན་ཆེས་ཆེ་ཤོས་དང་། ཤན་ཤུགས་ཆེ་བའི་རོལ་ཆའི་འདུ་ཚོགས་ཤིག་ཡིན། ཐེངས་འདིར་རྨ་ཆུའི་འགྲམ་རྒྱུད་ཀྱི་ཧྲན་ཏུང་ཞིང་ཆེན་རིའི་ཀྲའོ་གྲོང་ཁྱེར་དུ་སྐབས་བཅུ་བདུན་པའི་འཁྲབ་སྟོན་ལ་ཞུགས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར23། རང་སྐྱོང་ལྗོངས་ཀྱི་ཚོགས་པ118འཁྲབ་སྟོན་ཁྲོད་ཞུགས། དེའི་ཁྲོད། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཀྲུང་གོའི་བོད་རིགས་ལོ་ཆུང་གཞོན་ནུའི་རོལ་ཆའི་ཚོགས་པ་སྟེ།“མགོ་ལོག་ཁུལ་ལོ་ཆུང་གཞོན་ནུའི་རོལ་ཆའི་ཚོགས་པའི”རམ་དཀྲོལ་བྱས་པའི《རྒྱང་རིང་གི་ཡུལ་གྲུ་དེ་ན》དང་རོལ་མོའི་བརྩམས་ཆོས《གེ་སར》《རྟ་རྒྱུག་རྒྱལ་འཇོག》ལས། སྙན་འཇེབས་ཀྱི་དབྱངས་རྟས་ཡུལ་དངོས་ཀྱི་ལྟད་མོ་བས་གདེང་འཇོག་གང་ལེགས་ཐོབ་ཅིང་། “ཀྲུང་ཧྭ་རྟགས་མའི”ཀྲུང་གོའི་སྐབས་བཅུ་བདུན་པའི་ཕུལ་བྱུང་རོལ་ཆའི་ཚོགས་པའི་བྱ་དགའ་ཐོབ། འཁྲབ་སྟོན་སྟེགས་བུས་མགོ་ལོག་ཁུལ་གྱི་བོད་རིགས་ལོ་ཆུང་གཞོན་ནུའི་རོལ་མོའི་འཇོན་ནུས་མངོན་པ་མ་ཟད། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེེས་མཉམ་འདྲེེས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་མཛའ་མཐུན་གྱི་སྦྲེལ་ཟམ་དུ་གྱུར། 

རྒྱུས་ལོན་པ་ལྟར་ན། མགོ་ལོག་ཁུལ་ལོ་ཆུང་གཞོན་ནུའི་རོལ་མོའི་ཚོགས་པ་ནི་ཧྲང་ཧའེ་རོལ་མོའི་སློབ་གླིང་གི་མཚོ་སྔོན་རོགས་སྐྱོར་ཚོགས་པའི་རྒྱབ་སྐྱོར་འོག 2023ལོར་བཙུགས་པའི་ཀྲུང་གོའི་བོད་རིགས་ལོ་ཆུང་གཞོན་ནུའི་རོལ་ཆའི་ཚོགས་པ་ཞིག་ཡིན། ད་ལྟ་ཁོངས་མི96ཡོད་པ་དང་། 70%ཡི་བྱིས་པ་འབྲོག་ཁྱིམ་ནས་ཐོན་ཞིང་། དེའི་ཁྲོད་ལོ་ན་ཆེས་ཆུང་བ་12ཡིན། ཧྲང་ཧའེ་རོལ་མོའི་སློབ་གླིང་གི་ཕུལ་བྱུང་དགེ་རྒན་ཚོས་རོགས་འདེགས་འོག ད་ལྟ་ཚོགས་པ་འདིའི་གཞི་ཁྱོན་ཐོག་མར་གྲུབ། མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། མགོ་ལོག་ཁུལ་ལོ་ཆུང་གཞོན་ནུའི་དམིགས་ཞུས་སྒྱུ་རྩལ་བློ་འདྲི་བ་ཚང་ཧའེ་ཕིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། རོལ་མོའི་ཚོགས་པ་འདི་བཙུགས་པ་དེས་མཛེས་རྩལ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་མར་རོལ་མོའི་རྨང་གཞི་དང་འཕེལ་རྒྱས་ཀྱི་གོ་སྐབས་ཡོད་པར་བྱས་ཤིང་། ཐེངས་འདིའི་འཁྲབ་སྟོན་ལ་ཞུགས་པ་དེས། སློབ་མའི་མཐོང་རྒྱ་བསྐྱེད་པའི་དུས་མཚུངས་སུ། ཕུལ་བྱུང་ཚོགས་པར་སློབ་སྦྱོང་དང་། ནུབ་རྒྱུད་ས་ཁུལ་གྱི་མཛེས་རྩལ་གསོ་སྐྱོང་བྱ་བ་འཕེལ་རྒྱས་ལ་སྐུལ་འདེད་ཡོད་ཟེར། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།