ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་མཚོ་ནུབ་ཁུལ་གྱི་ཐོན་ལས་གསུམ་པ་དུས་མཉམ་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་དྲུག་འཕར།

    སྤེལ་དུས། : 2024-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་ནུབ་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་དང་པོའི་ནང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་ལས་གསུམ་པའི་ཐོན་རིན་སྒོར་ཐེར་ཆེན་གཅིག་དང་དུང་ཕྱུར་བརྒྱད་བྱེ་བ་དགུ་ས་ཡ་དགུ་ལ་སླེབས་པ་དང་དུས་མཉམ་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་དྲུག་འཕར་སྣོན་བྱུང་ལ། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་བཞི་དང་གྲངས་ཆུང་གཉིས་གསུམ་འཕར་ནས། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པར་སླེབས།

འགྲིམ་འགྲུལ་སྐྱེལ་འདྲེན་མགྱོགས་མྱུར་ངང་རྒྱ་བསྐྱེད་ནས་གཞུང་ལམ་གྱི་འགྲུལ་སྐྱེལ་གྱི་ཚད་སྤྱི་ལེ་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་དགུ་ཁྲི་བརྒྱད་དང་སྟོང་བདུན་ལྔ་བརྒྱ་ལ་སླེབས་པ་དང་དུས་མཉམ་ལས་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་བརྒྱད་ལྔ་འཕར། དངུལ་རྩའི་ལས་རིགས་བརྟན་འཇགས་ངང་ལེགས་ཕྱོགས་སུ་འཕེལ་བ་དང་ཁུལ་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་མི་དམངས་ཤོག་སྒོར་གྱི་ལྷག་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཅིག་ཐེར་འབུམ་གསུམ་དུང་ཕྱུར་གསུམ་བྱེ་བ་གཉིས་ས་ཡ་བདུན་ལ་སླེབས་པ་དང་དུས་མཉམ་ལས་བརྒྱ་ཆའི་ལྔ་དང་གྲངས་ཆུང་གསུམ་བཞི་འཕར། བསྐྱིས་དངུལ་ཁྱོན་སྡོམ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་གཅིག་བྱེ་བ་དགུ་ས་ཡ་གསུམ་ལ་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གསུམ་ལྔ་འཕར།

གཞན་ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དང་ཁེ་ཕན་མི་གཉེར་བའི་ཞབས་ཞུའི་ལས་རིགས་སླར་གསོ་དང་འཕར་སྣོར་བྱུང་བ་དང་། རིག་གནས་དང་ལུས་རྩལ། རོལ་རྩེད་ལས་རིགས་ཀྱི་ཟླ་ཕོགས་ཀྱི་སྤྱིའི་སྡོམ་འབོར་ལྡབ་གཉིས་འཕར་ལ། དུས་ཚིགས་དང་པོར་ཁྱོན་སྡོམ་ཁུལ་ཡོངས་ཀྱིས་ཡུལ་སྐོར་པ་ས་ཡ་གཅིག་དང་འབུམ་ལྔ་ཁྲི་དྲུག་སྟོང་བཞི་དང་བརྒྱ་སྣེ་ལེན་བྱས་པ་དང་། དུས་མཉམ་ལས་བརྒྱ་ཆའི་བཅུ་གཅིག་འཕར་སྣོན་བྱུང་། ཡུལ་སྐོར་ཕྱོགས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གཅིག་ས་ཡ་གཉིས་ལ་སླེབས་པ་དང་དུས་མཉམ་ལས་བརྒྱ་ཆའི་བརྒྱད་འཕར་སྣོན་བྱུང་།  །


 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།