ཀྲུང་གོ་བོད་ཀྱི་དྲ་བ།

2023ལོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཤེས་བྱའི་ཐོན་དབང་གི་གྱོད་གཞི་ཁག615ཁྲིམས་ལྟར་ཞིབ་གཅོད་གྱོད་སྒྲིལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས26ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འཚོགས་པའི2024ལོའི“4·26”འཛམ་གླིང་ཤེས་བྱའི་ཐོན་དབང་ཉིན་མོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2023ལོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཤེས་བྱའི་ཐོན་དབང་གི་ཁྲིམས་འཛིན་སྲུང་སྐྱོང་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་བཏང་ནས། ཁྲིམས་ལྟར་ཤེས་བྱའི་ཐོན་དབང་གི་གྱོད་གཞི་ཁག585གསར་དུ་བདག་སྤྲོད་བྱས་པ་དང་། གྱོད་གཞི615ཞིབ་གཅོད་གྱོད་སྒྲིལ་བྱས་ཏེ། མཚོ་སྔོན་གྱི་ཁོར་ཡུག་གསར་བསྐྲུན་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་སྣོན་ཆེད་ཁྲིམས་འཛིན་ཞབས་ཞུ་དང་འགན་ལེན་ནུས་ལྡན་མཁོ་འདོན་བྱས། ། 

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།