ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས《མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གསར་གཏོད་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་ཚད་མ་ལག(ཚོད་ལྟ)》འགྲེམ་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས26ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ནས་ཤེས་གསལ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ལས་དོན་སོ་སོ་གཡོ་འགུལ་སྤུ་ཙམ་མེད་པར་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་ཐིག་ལ་ཁ་ཕྱོགས་ནས། རང་ཞིང་གིས《རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གསར་གཏོད་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་ཚད་མ་ལག》ཞེས་པ་མཛུབ་སྟོན་དུ་བྱས་ཏེ། དོན་དངོས་དང་བསྟུན་ཅི་ཐད་བྱས་ཐོག 《མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གསར་གཏོད་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་ཚད་མ་ལག(ཚོད་ལྟ)》འགྲེམ་སྤེལ་བྱས་ཏེ། དམིགས་ཚད་གསར་བ་དང་ཚད་གཞི་དེ་ལས་ནན་མོ་ཡིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གསར་གཏོད་ལས་དོན་དེ་གྲངས་འབོར་སྔོན་ཐོན་ནས་དཔེ་སྟོན་སྣེ་ཁྲིད་དུ་འགྱུར་བར་སྐུལ་འདེད་བཏང་།

ངོ་སྤྲོད་བྱས་པ་ལྟར་ན། 《མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གསར་གཏོད་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་ཚད་མ་ལག(ཚོད་ལྟ)》དེ་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས། སྲིད་འཛིན་ཨུ་ལྷན))སྤྱི་ཡོངས་ཀྱི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་ཚད་དང་། ཤང་གྲོང(སྲང་ལམ)དང་། ལས་ཁུངས། ཁེ་ལས། སྡེ་བ(སྡེ་ཁུལ)སློབ་གྲྭ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་ཚད་ཆ་ཚང་ཞིག་ཆགས་ཡོད་ལ།“1+6”ཞེས་པའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་ཚད་མ་ལག་ཆགས་པ་དེའི་ནང་ཏང་གིས་མི་རིགས་ལས་དོན་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཐུས་ཚང་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། མི་རིགས་སོ་སོའི་མཉམ་གཅིག་ཏུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་སྐྱོད་པར་སྐུལ་འདེད་གཏོང་བ། མི་རིགས་སོ་སོའི་རྒྱ་ཁྱབ་ངང་འགྲོ་འོང་སྤེལ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། ཕན་འབྲས་ཡོད་པའི་སྒོ་ནས་མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་དོགས་ཟོན་སེལ་བ། ལག་ལེན་གསར་གཏོད་སོགས་གཙོ་གནད་ལས་འགན་རྣམ་གྲངས7བཅས་འདུས།

དུས་མཚུངས་སུ་ཚན་རིག་དང་མཐུན་པའི་སྒོ་ནས་གྲངས་འབོར་བཀོད་སྒྲིག་བྱས་ཏེ། ཏང་གི་མགོ་ཁྲིད་དང“མཉམ་འདྲེས”ཀྱི་ཁྲིད་སྟོན་འབུར་དུ་ཐོན་དགོས་པ་དང་། ཞིབ་ཕྲའི་དམིགས་ཚད་བཀོད་སྒྲིག་ཐད་སྲིད་ཇུས་ཀྱི་ཕྱོགས་སྟོན་རང་བཞིན་གྱི་བླང་བྱ་ཡོད་ལ་ཚད་འབེབས་ཀྱི་ཞིབ་ཕྲའི་ལས་འགན་ཡང་ཡོད་ཅིང་། རྩ་དོན་རང་བཞིན་གྱི་གཏན་འབེབས་ཡོད་ལ་རང་གཤིས་ཅན་གྱི་གདམ་ག་ཀྱང་ཡོད་པ། ཕྱི་རོལ་ཡུལ་གྱི་གྲངས་གཞི་ཆེན་པོའི་ལྟ་ཞིབ་ཚད་ལེན་ཡོད་ལ་རང་སྣང་གི་བློ་ཡིད་ཚིམ་ཚད་ཚད་ལེན་ཚོད་ལྟ་ཡང་ཡོད། གྲོང་ཁྱེར(ཁུལ)དང་རྫོང་(གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ལྷན)གྱི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་ཚད་དེ་མ་ལག་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་བོར་བཟུང་ནས། ནང་དོན་སོ་སོ22དང་ཞིབ་ཕྲའི་དམིགས་ཚད་སོ་སོ100ཞིབ་ཕྲ་བཟོས་ཡོད་པ་དང་། ས་ཁོངས་རང་བཞིན་གྱི་དཔེ་སྟོན་གསར་གཏོད་ཀྱི་ཚད་གཞི་གཏོད་རྒྱུ་གཙོ་གནད་དུ་བཟུང་ཡོད་ལ། ཤང་གྲོང(སྲང་ལམ)དང་། ལས་ཁུངས། ཁེ་ལས། སྡེ་བ(སྡེ་ཁུལ)སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་ཚད་སོ་སོ6ལ་རིགས་དབྱེ་ནས་མཛུབ་ཁྲིད་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། ནང་དོན31དང་ཞིབ་ཕྲའི་དམིགས་ཚད120ཞིབ་ཕྲ་བཟོས། ཤང་གྲོང(སྲང་ལམ)གིས་གྲོང་ཁྱེར་དང་རྫོང་གི་དམིགས་ཚད་ཕན་འབྲས་ལྡན་པའི་ངང་འབྲེལ་མཐུད་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། བྱ་བའི་འགན་འཁྲི་དམ་དུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལས་དོན་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྐུལ་འདེད་བཏང་ཞིང་། ལས་ཁུངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་བཞག་ནས། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་གཙོ་གནད་དུ་བཟུང་བ་དང་ས་ཁུལ་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། སྡེ་བས(སྡེ་ཁུལ)གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལེགས་པོ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི“མཇུག་མཐའི་ལེ་དབར་གཅིག”གཏོད་རྒྱུ་གཙོ་གནད་དུ་འཛིན་དགོས་ལ། སློབ་གྲྭས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་རྒྱལ་དམངས་སློབ་གསོ་སྤེལ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ས་བོན་འདེབས་རྒྱུ་གཙོ་གནད་དུ་བཟུང་ཞིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ནས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་སྒྲུབ་མཁན་དང་ལས་བཟོ་བ་དང་ཆོས་དད་མང་ཚོགས་ལ“འདུ་ཤེས་གསུམ”ཇེ་དྲག་ཏུ་གཏོང་བར་ཁྲིད་སྟོན་བྱས་ཏེ། “ཐུན་མོང་བཞི”ཡི་འདུ་ཤེས་བརྟན་པོར་འཛུགས་དགོས།  ། 

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།