ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དུ་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ལོ10སྔོན་དང་བསྡུར་ན1400ལྷག་འཕར་སྣོན་བྱུང་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས27ཉིན། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ་ལྟར་ན། 2022ལོར་མཚོ་སྔོན་ཞིང་ཆེན་གྱིས་བྱེ་བྲག་གིས་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་རྟོག་ཞིབ་དང་གནས་སྤོར་རྗེད་འདེད་ཞིབ་འཇུག་བྱས་པའི་ཚུན། ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་གྲངས་འབོར2600ཟིན་པ་ལོ10སྔོན་དང་བསྡུར་ན1400ལྷག་གིས་འཕར་སྣོན་བྱུང་། 

ཁྲུང་ཁྲུང་རིགས་སའི་གོ་ལའི་སྟེང་ལོ་ངོ་སྟོང་ཕྲག་ཡན་གྱི་འཚོ་སྡོད་ལོ་རྒྱུས་ལྡན་པ་དང་འཛམ་གླིང་ཡོངས་སུ་ད་ཡོད་ཁྲུང་ཁྲུང་རིགས15ཡོད། ཀྲུང་གོ་རུ་ཁྱབ་པའི་རིགས་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མཚོག་དམར། ཁྲུང་ཁྲུང་དཀར་མོ། ཁྲུང་ཁྲུང་སྐྱ་མོ་སོགས་ཀྱི་རིགས9ཡོད། དེ་ནང་ཁྲུང་ཁྲུང་སྐེ་ནག་ནི་མིག་སྔར་འཛམ་གླིང་གི་ཁྲུང་ཁྲུང་རིགས15ནང་ཚེ་གང་བོར་མཐོ་སྒང་ནས་འཚོ་སྡོད་བྱེད་པ་དང་རིགས་རྒྱུད་སྤེལ་བའི་ཁྲུང་ཁྲུང་རིགས་ཡིན། དེ་དག་ས་བབ་སྨི2500ནས5000གི་མཐོ་སྒང་ན་འདམ་ནས་འཚོ་སྡོད་བྱེད་པས་ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པའི་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས་ཡིན།

ཁྲུང་ཁྲུང་སྐེ་ནག

ངོ་སྤྲོད་ལྟར་ན། འཛམ་གླིང་ཁྱབ་ཁོངས་ཀྱི་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་སྤྱི་འབོར17000ཡོད་པའི་ནང98%རང་རྒྱལ་དུ་ཡོད་པས་ཀྲུང་གོ་ནས་ཁྱད་དུ་ཡོད་པའི་འདབ་ཆགས་རིགས་སུ་གྱུར་ཡོད། འདབ་ཆགས་རིགས་དེ་དག་གཙོ་བོ་ཀྲུང་གོའི་མདོ་དབུས་མཐོ་སྒང་དང་ཡུན་ཀེའུ་མཐོ་སྒང་དུ་ཁྱབ་པས་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་ཁྲོད་ཀྱི་འདབ་ཆགས་རིགས་གཙོ་བོ་ཡིན་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་འགྱུར་ལྡོག་ཁྲོད་ཀྱི་ཁ་ཕྱོགས་ལྟ་བུ་ཡིན།

མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ཡི་སྤྱིའི་བཟོ་བཀོད་པ་ཐན་ཅིན་གྱིས་ངོ་སྤྲོད་ལྟར་ན། མཚོ་སྔོན་ཞིང་ཆེན་ནི་ཤར་ཨེ་ཤ་ཡ་དང་ཨའོ་སི་ཁྲུའུ་ལེ་ཡ། ཨེ་ཤ་ཡ་དབུས་རྒྱུད་ཀྱི་འདབ་ཆགས་གནས་སྤོར་ལམ་ཐིག་གཉིས་དང་འབྲེལ་བས་ས་གཤིས་གནས་ལེགས་པ་མ་ཟད་ཆུ་བྱའི་ཐོན་ཁུངས་ཕུན་སུམ་ཚོགས། ཁྱབ་ཁོངས་སུ་ཡོད་པའི་ཚན་པ22སྡེ་ཚན73རིགས532ཡོད། 2018དང་བསྡུར་ན་རིགས100དང་དུས་བྱ་རིགས380འཕར་སྣོན་བྱུང་། དེ་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་འདབ་ཆགས་རིགས27དང་གསར་དུ་བསྣན་པའི་འདབ་ཆགས་རིགས་ཤར་ཕྱོགས་ཁྲུང་ཁྲུང་དཀར་མོ་ཡོད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འདབ་ཆགས་རིགས81ནས89རུ་གསར་དུ་བསྣན་པ་རེད། 

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་བསྟུན། ཞིང་ཆེན་དེའི་གནས་སྤོར་དུས་བྱའི་གྲངས་འབོར་རྒྱུན་མཐུད་ངང་མང་དུ་འགྲོ་བཞིན་ཡོད་ལ། མང་ཚོགས་ཀྱིས་འདབ་ཆགས་རིགས་སོགས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཀྱང་མུ་མཐུད་དུ་གཏིང་ཇེ་ཟབ་གྱུར། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།