ཀྲུང་གོ་བོད་ཀྱི་དྲ་བ།

《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས25ཉིན།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་ཁྱབ་བསྒྲགས་ལག་བསྟར་བྱེད་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཤིང་། གསར་འགོད་པས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཁྲིམས་འཛུགས་སྲོལ་ཡིག་དེར2024ལོའི་ཟླ2པའི་ཚེས2ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་འཐུས་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། 2024ལོའི་ཟླ3པའི་ཚེས13ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང་ཆོག་མཆན་བཀོད་པ་དང་། 2024ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

《ཁྲིམས་འཛུགས་སྲོལ་ཡིག》ལ་སྤྱིའི་རྩ་དོན་དང་ཁྲིམས་འཛུགས་འཆར་འགོད། ཁྲིམས་འཛུགས་འཆར་གཞི།  ཁུལ་དམངས་ཆེན་གྱི་ཁྲིམས་འཛུགས་གོ་རིམ།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་གོ་རིམ། རང་སྐྱོང་སྲོལ་ཡིག་དང་སྲོལ་ཡིག་རྐྱང་མ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་བཟོ་བཅོས་དང་། བཀོལ་མཚམས་འཇོག་པ་དང་འགྲེལ་བཤད། ད་རུང་གཏན་འབེབས་གཞན་དག ཞར་བྱུང་བཅས་ལེའུ7དང་དོན་ཚན58འདུས། ཁྲིམས་འཛུགས་སྲོལ་ཡིག་གཏན་འབེས་བཟོ་རྒྱུ་ནི་མཚོ་བྱང་ཁུལ་གྱིས་ཏང་ཨུས་མགོ་ཁྲིད་བྱེད་པ་དང་། དམངས་ཆེན་གྱིས་གཙོ་ཁྲིད་བྱེད་པ། སྲིད་གཞུང་གིས་མཐུན་སྦྱོར་མཉམ་སྒྲུབ་བྱེད་པ་དང་། ཕྱོགས་སོ་སོས་རོགས་འདེགས་བྱེད་པ། སྤྱི་དམངས་ཚབ་ཞུགས་བྱེད་པ་བཅས་ཀྱི་ཁྲིམས་འཛུགས་བྱ་བའི་རྣམ་པ་བསྐྲུན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། འདིས་མཚོ་བྱང་ཁུལ་གྱི་ཁྲིམས་འཛུགས་བྱ་བར་ཁྱོན་ཡོངས་ནས་འཐུས་ཚང་ཡིན་པའི་གོ་རིམ་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་ཡོད་པ་མཚོན་ཞིང་། མཚོ་བྱང་ཁུལ་གྱི་ཁྲིམས་འཛུགས་བྱ་བ་ལོ་རྒྱུས་ཀྱི་སྐས་རིམ་གསར་བར་བསྐྱོད་པ་མཚོན་ཡོད་ལ། སྔར་ལས་ལྷག་པར་ཁྲིམས་འཛུགས་ལམ་ལུགས་འཐུས་ཚང་ཡིན་པ་དང་ཁྲིམས་འཛུགས་གོ་རིམ་ཚད་ལྡན་གཏོང་བ་དང་། ཁྲིམས་འཛུགས་ཁྲོད་ཀྱི་སྣེ་ཁྲིད་དང་སྐུལ་འདེད་བྱེད་ནུས་འདོན་སྤེལ་བྱས་པ་སོགས་ཕན་འབྲས་ཡོད་པའི་སྒོ་ནས་ཁྲིམས་སྐྱོང་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འགན་སྲུང་གི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།